ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

བྱིས་པའི་དུས་དེབ་ཐོག་ཨོག་དཀར་གྱི་ཤ་ཟ་ཆོག་ཅེས་བྲིས་པའི་ཐད་་་་་

2020-02-13 15:11:48     责编:nake

  

  ཉེ་དུས།

  ཝུའུ་ཧན་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི།

  《སྲོག་ཆཊ་ཀྱི་ཤེས་བྱ་ཀུན་བཏུས་དེབ་ཆུང་།》ཞེས་པའི་ནང་།

  སྲོག་ཆགས་ཨོག་དཀར་སྐོར་ལ།

  འཚམ་པོ་མེད་པའི་འགྲེལ་བརྗོད་བྱས་འདུག་ཅེས།

  དྲ་གྲོགས་ནས་སྐྱོན་བརྗོད་བྱས་པའི་ཐད།

  

  སྤྱི་ཚེས11ཉིན།

  ཝུའུ་ཧན་སློབ་ཆེན་དཔེ་སྐྲུན་ཁང་གིས།

  དུས་ཐོག་ཏུ་

  རྒྱལ་ཡོངས་ཀྱི་བྲིན་འཚོང་ས་ཚིཊ་ཁག་ལ།

  དེབ་དེ་ཚོང་སྒྲོམ་ཐོག་ནས་དབབ་དགོས་པའི་

  བརྡ་ཐོ་བཏང་བ་ཡིན་ཚུལ་བརྗོད་འདུག

  

  

  དུས་དེབ་དེའི་ནང་། “ཨོག་དཀར་གྱི་ལུས་པ་ཡོངས་ནོར་བུ་རེད། དེའི་ཤ་ཟ་ཆོག རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཞིམ་ཟས་ཤིག་རེད། དེའི་ཚིལ་ནི་མཛེས་བཟོའི་དངོས་རྫས་ནང་གི་རྒྱུ་ཆ་རྩ་ཆེན་ཞིག་རེད། དེས་ད་དུང་མེས་འཚིག་པའི་རྨ་བཅོས་ཐུབ། དེའི་པགས་པས་ལག་ཤུབས་བཟོ་ཆོག དེའི་མཇུག་མའི་སྤུ་དང་གྲ་ཡིས་ཕག་མདོ་དང་སྤུ་སྨྱུག་བཟོ་ཆོག་”ཅེས་བྲིས་ཡོད།

  དེར་དྲ་གྲོགས་མང་པོས་སྐྱོན་བརྗོད་བྱས།

  ཝུའུ་ཧན་སློབ་ཆེན་དཔེ་སྐྲུན་ཁང་ཚད་ཡོད་འགན་འཁྲི་ཀུང་སིས་སྤྱི་ཚེས11ཉིན་དོན་དེར་ཨ་ལན་སློག་པ་དང་།དུས་ཐོག་ཏུ་རྒྱལ་ཡོངས་ཀྱི་བྲིན་འཚོང་བྱེད་གནས་ཁག་ལ་དེབ་དེ་ཚོང་སྒྲོམ་ནས་དབབ་དགོས་པའི་བརྡ་ཐོ་བཏང་བ་མ་ཟད། དོན་དེ་དང་འབྲེལ་བའི་དོན་དག་ཐད་མུ་མཐུད་བརྟག་ཞིབ་བྱེད་བཞིན་ཡོད་ཅེས་བཤད་འདུག

  མཆན། ཨོག་དཀར་ནི་རྒྱ་སྐད་དུ་果子狸ཞེས་པའི་སྲོག་ཆགས་དེ་ཡིན་པ་དང་། ཚན་རིག་མཁས་པས་ཨོག་དཀར་གྱི་ཁོག་པའི་ནང་ནད་དུག་དང་གཞན་བརྟེན་སྲིན་འབུ་མང་པོ་ཡོད་པས་དེའི་ཤ་ཟ་མི་རུང་བར་བཞེད།

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མིག་དམར་རྒྱལ་པོ།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

བྱིས་པའི་དུས་དེབ་ཐོག་ཨོག་དཀར་གྱི་ཤ་ཟ་ཆོག་ཅེས་བྲིས་པའི་ཐད་་་་་

 དུས་དེབ་དེའི་ནང་། “ཨོག་དཀར་གྱི་ལུས་པ་ཡོངས་ནོར་བུ་རེད། དེའི་ཤ་ཟ་ཆོག རང་རྒྱལ་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ཞིམ་ཟས་ཤིག་རེད། དེའི་ཚིལ་ནི་མཛེས་བཟོའི་དངོས་རྫས་ནང་གི་རྒྱུ་ཆ་རྩ་ཆེན་ཞིག་རེད། དེས་ད་དུང་མེས་འཚིག་པའི་རྨ་བཅོས་ཐུབ། དེའི་པགས་པས་ལག་ཤུབས་བཟོ་ཆོག དེའི་མཇུག་མའི་སྤུ་དང་གྲ་ཡིས་ཕག་མདོ་དང་སྤུ་སྨྱུག་བཟོ་ཆོག་