ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ནད་དུག་དེ་ནད་རྟཊ་མི་མངོན་པར་གནས་པའི་དུས་ཡུན་རིང་ཤོས་ཉིན24ཡིན་ནམ།

2020-02-13 15:14:24     责编:nake

  ཟླ་2པའི་ཚེས་11ཉིན། ཡོན་ཧྲེ་ཀུང་ནན་ཧྲན་གྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅའ་འདྲི་དང་ལེན་གནང་ཡོད་པ་དང་། ཉེ་དུས་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་“ཀྲུང་ནན་ཧྲན་གྱིས་དཔྱད་རྩོམ་གསར་ཤོས་ནང་ཏོག་གསར་ནད་དུག་འགོས་ཀྱང་ནད་རྟགས་མེད་པར་གབ་སྡོད་བྱེད་པའམ་ནད་དུག་ལུས་པོའི་ནང་བག་ལ་ཞ་བའི་ཐོག་ནས་གནས་པའི་དུས་ཚོད་རིང་ཤོས་ཉིན་24ཡིན་པ་བསྟན་ཡོད་”ཅེས་པའི་གསར་འགྱུར་སྤེལ་བར་གསལ་འདེབས་གནང་ཡོད།

  

  ཀྲུང་ནན་ཧྲན་གྱིས། ང་ཚོའི་ཞིབ་འཇུག་ཚོགས་པས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་1099ཡི་ནད་ཐོག་ནད་རྟགས་ལ་གཞིགས་ནས་བྲིས་པའི་དཔྱད་རྩོམ་དེ་ནི། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་30ཡི་སྨན་ཁང་552ཀྱིས་འདོན་སྤྲོད་བྱས་པའི་ནད་ཐོག་གྲངས་གཞི་གཞིར་བཞག་ཐོག ནད་པའི་ནད་རྟགས་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་བྲིས་པ་ཞིག་ཡིན།

  

  དཔྱད་རྩོམ་དེ་ནི་ཟིན་བྲིས་པར་མ་(pre print server)ཞིག་ཡིན་ལ། དངོས་སུ་དཔེ་སྐྲུན་མ་བྱས་གོང་ལས་རིགས་གཅིག་པའི་བསམ་འཆར་མང་པོ་བསྡུ་ལེན་བྱེད་དགོས། ཟིན་བྲིས་པར་མའི་གཞུང་ཕྱོགས་ཀྱི་བླང་བྱ་ལྟར། སྨྱན་སྦྱོར་ཚན་པས་དེའི་ནང་གི་ཆ་འཕྲིན་ལུང་འདྲེན་བྱེད་མི་རུང་ལ། དེས་ནད་ཐོག་སྨན་བཅོས་ཐད་མཛུབ་ཁྲིད་བྱེད་མི་རུང་ཞིང་། ངེས་པར་དུ་དེ་ལས་རིགས་གཅིག་པའི་དཔྱད་དཔོག་བརྒྱུད་དགོས། ཟིན་བྲིས་པར་མའི་ནང་འཁོད་པའི་ནད་དུག་བག་ལ་ཞ་བའི་དུས་ཚོད་བརྩི་སྟངས་ལ། ང་ཚོར་ནད་པའི་སྐད་ཆ་ཡི་གེར་ཕབ་ནས་བསྡོམས་རྩིས་རྒྱག་པའི་ཐབས་ཤེས་ཤིག་ཡོད། ང་ཚོས་ནད་པས་བཤད་པའི་ཏོག་གསར་གློ་ཚད་འགོས་པའི་ནད་པ་དང་འབྲེལ་ཐུག་བྱུང་བའི་དུས་ཚོད་དང་ནད་རྟགས་ཐོན་པའི་དུས་ཚོད་སྔ་ཤོས་གཞིར་བཟུང་ནས་རྩིས་བརྒྱབ་པ་ན། ཏོག་གསར་ནད་དུག་འགོས་རྗེས་ནད་རྟགས་མ་ཐོན་པར་ལུས་པོའི་ནང་གབ་སྡོད་བྱེད་པའམ་བག་ལ་ཞ་བའི་ཐོག་ནས་གནས་པའི་དུས་ཚོད་རིང་ཤོས་ཉིན་24ཡིན་པའི་ལྟ་ཚུལ་དེ་གྲུབ་ཡོད། འོན་ཀྱང་དོན་དངོས་ཐོག་ དུས་ཚོད་ཉིན་24ཡིན་པ་ཤོད་མཁན་ནད་པ་གཅིག་ལས་མེད་ཅིང་། ནད་པ་1099ཡི་ཁྲོད་ནད་པ་གཅིག་རང་ལ་གནས་ཚུལ་དེ་འདྲ་འཕྲད་ཡོད།

  

  དེར་བརྟེན། ནད་པ་གཅིག་རང་གིས་བཤད་པའི་དུས་ཚོད་དེ་ནད་དུག་བག་ལ་ཞ་བའི་ཐོག་ནས་གནས་པའི་དུས་ཚོད་རིང་ཤོས་སུ་ངོས་འཛིན་བྱས་ན་དེ་ནི་ཚན་རིག་དང་མི་མཐུན་པ་ཞིག་རེད། དེ་སྔོན་ནད་ཡམས་གཞན་ལ་ཞིབ་འཇུག་བྱེད་སྐབས་ཀྱང་གནས་ཚུལ་དེ་འདྲ་འཕྲད་མྱོང་། དཔེར་ན་ཁྱི་སྨོན་ནད་ལྟ་བུ། ང་ཚོས་ཞིབ་འཇུག་བྱས་པ་བརྒྱུད་ནད་པ་ཚང་མའི་ནད་དུག་བག་ལ་ཞ་བའི་ཐོག་ནས་གནས་པའི་ཉིན་གྲངས་ཀྱི་དཀྱིལ་གནས་གྲངས་ནི་ཉིན་4ཡིན། དེ་མིན། ང་ཚོས་དཔྱད་རྩོམ་དེའི་ནང་བཞི་ཆའི་གནས་ཀྱི་བར་ཐག་ངོ་སྤྲོད་ཞུ་རྒྱུ་ཡིན་པ་སྟེ། ཁག་སོ་སོར་ཉིན་2དང་ཉིན་7ཡིན་པ་དང་། དེ་་གཉིས་བར་བར་ཁྱད་ཉིན་5ཡོད། བརྩི་སྟངས་དེས་དེ་བས་ཚན་རིག་དང་མཐུན་པའི་སྒོ་ནས་མི་ཚོགས་ཀྱི་གནས་ཚུལ་གསལ་པོ་མཚོན་ཐུབ།

  

  དེར་བརྟེན་དངོས་སུ་སྤེལ་མེད་པའི་དཔྱད་རྩོམ་གྱི་ནང་དོན་ཆ་ཤས་ལ་གོ་བ་ཚད་ལས་འདས་པ་བླངས་ན་མི་འགྲིག་ཅེས་གསུངས་འདུག

  

  

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག མིག་དམར་རྒྱལ་པོ།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ནད་དུག་དེ་ནད་རྟཊ་མི་མངོན་པར་གནས་པའི་དུས་ཡུན་རིང་ཤོས་ཉིན24ཡིན་ནམ།

ཟླ་2པའི་ཚེས་11ཉིན། ཡོན་ཧྲེ་ཀུང་ནན་ཧྲན་གྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅའ་འདྲི་དང་ལེན་གནང་ཡོད་པ་དང་། ཉེ་དུས་སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་“ཀྲུང་ནན་ཧྲན་གྱིས་དཔྱད་རྩོམ་གསར་ཤོས་ནང་ཏོག་གསར་ནད་དུག་འགོས་ཀྱང་ནད་རྟགས་མེད་པར་གབ་སྡོད་བྱེད་པའམ་ནད་དུག་ལུས་པོའི་ནང་བག་ལ་ཞ་བའི་ཐོག་ནས་གནས་པའི་དུས་ཚོད་