ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

འཐབ་ས་མདུན་མའི་སྨན་དོན་མི་སྣར་ཞལ་འདེབས་འདི་འདྲ་ཞིག་ཀྱང་ཕུལ་འདུག

2020-02-13 17:33:56     责编:nake

  

  ཉེ་ཆར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྒོར་དུང་ཕྱུར་11ལྷག་ཙམ་གྱི་ཆེད་གཏོགས་འགན་བཅོལ་ཞལ་འདེབས་ཕུལ་ནས་རླབས་ཆེ་བའི་ལས་གནས་ཐོག་གི་ཆེས་གཟི་བརྗིད་ཆེ་བའི་འགྲོ་ཕན་སྨན་དོན་མི་སྣའི་ཚོགས་ལ་ལས་དོན་གེགས་མེད་སྒྲུབ་རྒྱུར་མཐུན་རྐྱེན་སྐྲུན་ཡོད་པ་རེད། དེ་ཡང་གསར་འགོད་པར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཏང་ཀྲུང་དབྱང་དང་ཀྲུང་གོ་སྤྱི་ཁྱབ་དངུལ་ཁང་གི་རིམས་འགོག་ལས་དོན་སྐོར་གྱི་དགོངས་དོན་དང་བླང་བྱ་དང་ལེན་ཧུར་ཐག་ཞུས་ནས་བོད་ཀྱི་ཏོག་གསར་གློ་ཚད་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་དང་གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་16གི་སྨན་དོན་མི་སྣར་ཆེད་གཏོགས་འགན་བཅོལ་1180སྤྲད་པ་དང་། འགན་བཅོལ་དངུལ་གྱི་བསྡོམས་འབོར་སྒོར་དུང་ཕྱུར་11.8ཟིན་གྱི་ཡོད་པས། འགན་བཅོལ་ཞབས་ཞུ་དེས་རླབས་ཆེ་བའི་ལས་གནས་ཐོག་གི་ཆེས་གཟི་བརྗིད་ཆེ་བའི་འགྲོ་ཕན་སྨན་དོན་མི་སྣའི་ཚོགས་ལ་བླ་མེད་ཀྱི་གུས་འདུད་ཞུ་ལུགས་མཚོན་པར་བྱས་པ་རེད། དེ་དང་ཆབས་ཅིག་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཆེད་གཏོགས་འགན་བཅོལ་ཇུས་གཞིའི་སྐྱིན་ཚབ་འཇལ་བའི་ཐོགས་མེད་བགྲོད་ལམ་ཤར་གཏོང་བྱས་ནས་སྐྱིན་ཚབ་འཇལ་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ་འཕྲལ་མར་སྐྱིན་ཚབ་འཇལ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུའི་འགན་ལེན་བྱས་ཡོད་པ་རེད།

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  རྩོམ་སྒྲིག་འགན་འཁུར་བ། ལྷག་པ།

  གསར་འགོད་པ། བསྟན་དབང་། ནོར་བུ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

འཐབ་ས་མདུན་མའི་སྨན་དོན་མི་སྣར་ཞལ་འདེབས་འདི་འདྲ་ཞིག་ཀྱང་ཕུལ་འདུག

ཉེ་ཆར་ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་སྒོར་དུང་ཕྱུར་11ལྷག་ཙམ་གྱི་ཆེད་གཏོགས་འགན་བཅོལ་ཞལ་འདེབས་ཕུལ་ནས་རླབས་ཆེ་བའི་ལས་གནས་ཐོག་གི་ཆེས་གཟི་བརྗིད་ཆེ་བའི་འགྲོ་ཕན་སྨན་དོན་མི་སྣའི་ཚོགས་ལ་ལས་དོན་གེགས་མེད་སྒྲུབ་