ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དུག་སེལ་གནང་སྐབས་ཡིད་གཟབ་མ་གནང་ན་་་་་་་

2020-02-13 17:36:14     责编:nake

  ཆང་བཅུད་གཏོར་ནས་དུག་སེལ་བྱེད་བསམ་ཡང་། ཐབ་ཀའི་འགྲམ་དུ་རང་ལུས་མེ་ཡིས་བསྲེགས།

  

  སྤྱི་ཟླ་2ཚེས་5ཉིན་གྱི་ཕྱི་དྲོ། རང་ལོ་30ཙམ་ལ་སླེབས་པའི་ཧོ་ཧྥེའི་གྲོང་མི་ཝང་ལགས་ཀྱིས་རང་ཁྱིམ་ལ་ཆང་བཅུད་(酒精)གཏོར་ནས་དུག་སེལ་བྱས་རྗེས་ཐབ་ཚང་ནང་ཁ་ལག་བཟོ་བར་ཕྱིན། བསམ་ཡུལ་ལས་འདས་པར་མེ་ཐབ་ཀྱི་འགྲམ་དུ་བཅར་མ་ཐག་གཟུགས་པོའི་སྟེང་དུ་ཐོར་བའི་ཆང་བཅུད་ལ་མེ་འབར་ཏེ། ཁོ་མོ་སྨན་ཁང་གི་བསྲེགས་རྨས་ཚན་ཁག་ཏུ་སྨན་བཅོས་བྱེད་པར་མི་བསྐྱལ་ཀ་མེད་བྱུང་།

  

  ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ་2ཚེས་5ཉིན་གྱི་ཕྱི་དྲོ། ལུས་ལ་རྫས་འགྱུར་ཚི་སྣའི་རྒྱུ་ཆས་བཟོས་པའི་གོས་གྱོན་པའི་གྲོང་མི་ཝང་ལགས་ཀྱིས་དུག་སེལ་བྱ་ཆེད། རང་གི་གཟུགས་པོའི་རྒྱབ་མདུན་ཚང་མར་ཆང་བཅུད་ཐེངས་མང་གཏོར་བ་རེད། སྐབས་དེ་དུས་ཐབ་ཚང་ནང་ལྟོ་བཟོ་བཞིན་ཡོད། ཆང་བཅུད་གཏོར་ནས་སྐར་མ་གཉིས་ཡང་ཕྱིན་མེད་པར། ཁོ་མོ་ཐབ་ཚང་ནང་ལྟོ་ཆས་འགྲིག་མིན་ལ་བལྟ་བར་འགྲོ་དུས། ཐབ་ཀའི་འགྲམ་ལ་བསླེབས་མ་བསླེབས་ཀྱི་མཚམས་ནས་གློ་བུར་དུ་༼ཧུང་༽ཞེས་པའི་འབར་སྒྲ་ཆེན་པོ་ཞིག་བསྒྲགས་ཏེ་ཁོ་མོའི་ལུས་སྟེང་ལ་མེ་འབར་བ་རེད།

  

  ཉིན་དེའི་ཕྱི་དྲོ། ཝང་ལགས་མྱུར་དུ་སྨན་ཁང་ལ་བསྐྱལ་ཡོད། སྨན་པས་བརྟག་དཔྱད་བྱས་པ་ལྟར་ན། ཝང་ལགས་ཀྱི་ངོ་གདོང་དང་ལག་པ་སོགས་གྱོན་ཆས་ཀྱིས་བཏུམས་མེད་པའི་ལུས་ཤ་མཐའ་དག་མེས་བསྲེགས་ཏེ་རྨས་སྐྱོན་ཅུང་ཆེ་བ་དང་། སྨན་ཁང་དུ་བསྡད་ནས་མུ་མཐུད་སྨན་བཅོས་བྱེད་དགོས་ཀྱི་ཡོད།

  

  ཁྱིམ་ལ་གཙང་སྦྲ་ཡག་པོ་བྱས་ཚེ།

  སྤྱིར་ན་དུག་སེལ་བྱ་དགོས་མེད།

  

  སྨན་པས་ངོ་སྤྲོད་གནང་བར་གཞིགས་ན། ཁྱིམ་དུ་གཙང་སྦྲ་ཡག་པོ་བྱས་ཚེ་སྤྱིར་བཏང་དུག་སེལ་བྱེད་མི་དགོས། ཁྱིམ་ལ་ནད་རྟགས་གཏན་འཁེལ་གྱི་ནད་པ་དང་ཁྱིམ་དུ་ལོག་བཀར་ལྟ་ཞིབ་བྱེད་བཞིན་པའི་ནད་པ་ཡོད་ན་གཞི་ནས་དུག་སེལ་བྱ་དགོས། གལ་ཏེ་ཁྱིམ་དུ་གར་ཚད་75%ཡི་ཆང་བཅུད་དང་དུག་སེལ་གཤེར་ཁུ་84སོགས་བཀོལ་སྤྱོད་གཏོང་དགོས་ན་ངེས་པར་དུ་བདེ་འཇགས་ལ་ཡིད་གཟབ་གནང་དགོས།

  

  དུས་རྒྱུན་ཁྱིམ་དུ་གར་ཚད་75%ཡི་ཆང་བཅུད་གསོག་འཇོག་བྱེད་སྐབས། མང་ཤོས་ལ་ཡང་ཧའོ་ཧྲེང་500ཅན་གྱི་ཆང་བཅུད་དམ་བེ་གཅིག་ལས་ཉར་མི་རུང་བ་དང་། དེ་མེ་ཁུངས་དང་བྱིས་པས་རེག་ཐུབ་སར་འཇོག་མི་རུང་། རབ་བྱུང་ན་ཆང་བཅུད་ཀྱིས་སྲིང་བལ་སྦང་ཏེ་ཕྱིས་པ་ལས། ཆང་བཅུད་དམ་བེའི་ནང་བླུགས་ཏེ་གཏོར་མི་རུང་། གལ་ཏེ་དུག་སེལ་གཤེར་ཁུ་84བཀོལ་སྤྱོད་བྱེད་དགོས་ན། གཤེར་ཁུ་དེ་ནི་གར་ཚད་མཐོ་པོ་ཡོད་པས། ངེས་པར་དུ་གསལ་བཤད་ཡི་གེ་ལྟར་གཤེར་ཁུ་ཡང་དག་པའི་སྒོ་ནས་སླ་རུ་བཏང་རྗེས་གཞི་ནས་བཀོལ་སྤྱོད་བྱེད་དགོས།

  

  

  དྲན་སྐུལ་གལ་ཆེན།

  མཁའ་རླུང་ཁྲོད་ཀྱི་ཁ་ཕྲུན་གར་ཚད་3%ལས་བརྒལ་ན་མེ་འབར་སྲིད།

  

  ཀྲུང་གོའི་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱིས་སྤྱི་ཚེས་5ཉིན་བསྟན་པ་ལྟར་ན། ཆང་བཅུད་ཀྱིས་དུག་སེལ་བྱ་བར། བཀོལ་སྤྱོད་ཡང་དག་བྱ་རྒྱུ་ཤིན་ཏུ་གལ་ཆེ། ཆང་བཅུད་དེ་རྒྱ་ཁྱོན་ཆེ་བའི་སྒོ་ནས་གཏོར་མི་རུང་བ་དང་། གྱོན་ཆས་ལ་ཆང་བཅུད་གཏོར་ནས་དུག་སེལ་བྱེད་མི་རུང་བ། གར་ཚད་མཐོ་བའི་ཆང་བཅུད་གཏོར་རྗེས་འཕྲལ་དུ་ཁ་ལག་བཟོ་བ་དང་། ཁ་པར་རྒྱག་པ། ཐ་མག་འཐེན་པ། གློག་གི་དུག་སྦྲང་གསོད་ཆས་སྤྱོད་པ་སོགས་ཀྱི་བྱ་མི་རུང་། མཁའ་དབུགས་ཁྲོད་ཁྲུན་ཁ་པའི་གར་ཚད་3%ལས་བརྒལ་ན་འཕྲལ་མར་མེ་འབར་གྱི་ཡོད། ཆང་བཅུད་མང་པོ་དུས་གཅིག་ལ་བཀོལ་བའི་སྐབས་སུ། མཁའ་རླུང་ནང་གི་ཁྲུན་ཁ་པའི་གར་ཚད་ཇེ་མཐོར་འགྲོ་གི་ཡོད། སྐབས་དེར་མེ་འབར་བའི་ཉེན་ཁ་ནི་ཆང་བཅུད་ཐད་ཀར་སྒྲོན་པ་ལས་ཆེ་བ་ཡོད།

  

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  ཞུ་དག ཟླ་བ་ཚེ་རིང་།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

དུག་སེལ་གནང་སྐབས་ཡིད་གཟབ་མ་གནང་ན་་་་་་་

ཆང་བཅུད་གཏོར་ནས་དུག་སེལ་བྱེད་བསམ་ཡང་། ཐབ་ཀའི་འགྲམ་དུ་རང་ལུས་མེ་ཡིས་བསྲེགས།སྤྱི་ཟླ་2ཚེས་5ཉིན་གྱི་ཕྱི་དྲོ། རང་ལོ་30ཙམ་ལ་སླེབས་