ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྔ་ཕྱི་བར་གསུམ་དུ་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་གསལ་འགྲེལ།

2020-01-14 16:04:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཡུན་རིན་སྲིད་འཛིན་བྱེད་པའི་ཆ་རྐྱེན་འོག་རང་སོའི་གནད་དོན་ཐག་གཅོད་དང་། ལོ་རྒྱུས་ཀྱི་འཁོར་ཡུན་ཚད་གཞི་ལས་བརྒལ་བའི་ལེགས་གྲུབ་ལྡན་པའི་འགྲོ་ལམ་ཞིག་འཚོལ་ཞིབ་ཐུབ་པ་དང་། ནུས་པ་ལྡན་པའི་དབང་གྲགས་ལྟ་སྐུལ་དོ་དམ་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་བསྟར་མ་ལག་འཛུགས་སྐྱོང་བྱས་ཡོད། འགྲོ་ལམ་འདི་དང་ལམ་ལུགས་འདི་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱ་རྒྱུ་མ་ཟད་ཟམ་མི་ཆད་པར་སྲ་བརྟན་དང་གོང་འཕེལ་གཏོང་དགོས། སྤྱི་ཚེས་13ཉིན་སྐོང་འཚོགས་བྱས་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། དུས་རབས་གསར་པར་མུ་མཐུད་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ཐད་གལ་ཆེའི་བླང་བྱ་རབ་དང་རིམ་པ་བཏོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ། ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་སྦྲེལ་ཚིགས་སྟེང་གནས་པ་དང་། དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་གཏིང་ཟབ་གནང་བ། དོ་ཞིང་ནན་པའི་སྤྱིའི་རྩ་དོན་ཡུན་རིང་རྒྱུན་འཁྱོངས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མནན་པའི་རང་བཞིན་གྱི་རྒྱལ་ཁ་ལེན་རྒྱུ་སྲ་བརྟན་དང་གོང་འཕེལ་གཏོང་བའི་བརྡ་འཕྲིན་གལ་ཆེན་བཏང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ཆབ་སྲིད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་གལ་ཆེའི་བླང་བྱ་བཏོན་གནང་བ་དང་། ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བརྒྱུད་ལམ་ལུགས་ལག་བསྟར་བྱ་རྒྱུར་འགན་སྲུང་བྱེད་པ་དང་། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པའི་ཆབ་སྲིད་རང་རྟོགས་ཤུགས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་ཤིན་མིང་གིས། ཆབ་སྲིད་ལྟ་སྐུལ་བྱེད་པ་ནི། ཆབ་སྲིད་ལངས་ཕྱོགས་བརྟན་པོ་ཡོད་མིན་དང་། ཆབ་སྲིད་ཀྱི་འདུ་ཤེས་ཞན་དུ་ཕྱིན་མིན། ཆབ་སྲིད་དད་སེམས་ལ་ཕྱོགས་འཛོལ་བྱུང་མིན་བཅས་ལ་བལྟ་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ངོས་ནས། གནད་དོན་དེའི་ཐད་ཕྱོགས་འཛོལ་སྤུ་ཙམ་ཡང་མེད་པ་བྱེད་དགོས། ཆབ་སྲིད་ལྟ་སྐུལ་གནད་དོན་ཐག་གཅོད་ལེགས་པོ་བྱུང་ན། གཞི་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་གཞན་དག་གི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་ཐུབ་ཅེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་དུ་བསམ་འཆར་ཧ་ཅང་ཆེ་བ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་ཐག་གཅོད་ལེགས་པོ་བྱེད་པ། དབུལ་སྒྲོལ་འགག་གཏོར་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་སོགས་ཀྱི་གནད་དོན་གནད་ལ་འཕིགས་པོས་བཅོས་སྒྲིག་བྱེད་པ། དབུལ་སྒྲོལ་ལས་དོན་གྱི་ལས་ཆོད་དང་ལྷག་པར་དུ་དབུལ་ཕོངས་རྫོང་གི་དབུལ་ཞྭ་འབུད་པའི་གནད་དོན་ཐད་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་གནང་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོ་སྲིད་གཙང་ཞིབ་འཇུག་ལྟེ་གནས་ཀྱི་དྲུང་ཆེ་ཅང་ལའེ་ཡུང་གིས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱ་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་འགན་སྲུང་རེད། དབུལ་ཕོངས་ས་ཁུལ་དུ་དམངས་ཕན་རྣམ་གྲངས་མང་པོ་ཡོད་པས་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་དགོས། ལྟ་སྐུལ་ཡག་པོ་བྱུང་ཡོད་མེད་དེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཚོར་བ་དངོས་དང་འབྲེལ་བ་ཡོད་ལ། དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པའི་ཇུས་ཆེན་དང་ཡང་འབྲེལ་བ་ཡོད་ཅེས་དང་། ཅང་ལའེ་ཡུང་གིས། དབུལ་སྒྲོལ་ལས་དོན་གྱི་ཕན་འབྲས་དང་ལྷག་པར་དུ་དབུལ་ཕོངས་རྫོང་གི་དབུལ་ཞྭ་འབུད་ཐུབ་མིན་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་ལོ་འདི་ནི་གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་པས། དེས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་ངན་པ་བཅོས་སྒྲིག་གཏིང་ཟབ་བྱ་རྒྱུར་ཕན་ཐོགས་ཡོད་ལ། ལས་བྱེད་པ་ཁག་གཅིག་གིས་ལས་དོན་བསྒྲུབས་ཚར་སོང་བསམ་ནས་ལྷོད་གཡེང་གི་བསམ་བློ་འཁྱེར་རྒྱུ་བཀག་འགོག་བྱ་རྒྱུར་ཕན་ཐོགས་ཡོད་པས། ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་དགོས་ཞེས་གསུངས་པ་རེད།

སྟག་སྦྲང་མཉམ་རྡུང་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཚོད་མ་ཟིན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱ་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བའི་ཐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་གསལ་སྟོན་དང་། གཙོ་གནད་འབུར་དུ་ཐོན་པ་གནང་ཡོད།

པེ་ཅིང་སློབ་ཆེན་སྲིད་གཙང་འཛུགས་སྐྱོང་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲོང་ཏེ་ཧྲུའེ་ཡིས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མནན་པའི་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད་རུང་། དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པས། ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཚོད་མ་ཟིན་པ་དང་། ཏང་གི་རིགས་གཞུང་དང་ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགོག་རྐྱེན་ཚབས་ཆེན་བཟོས་པ། ཏང་གི་སྲིད་སྐྱོང་རྩ་བར་ཚབས་ཆེན་གནོད་པའི་རུལ་སུངས་གནད་དོན་ངེས་པར་དུ་ཞིབ་བཤེར་ཐག་གཅོད་ནན་པོ་དང་ཆད་པ་ནན་པོ་གཅོད་དགོས། ཁྱོན་ཡོངས་ལ་ཁྱབ་པའི་ལམ་ལུགས་ལག་བསྟར་ལ་ལྟ་སྐུལ་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ལག་བསྟར་བྱས་ཚུལ་དེ་ཞིབ་དཔྱད་ཀྱི་ནང་དོན་ཁོངས་སུ་འཇུག་པ། འགན་འཁྲི་རྩད་གཅོད་ནན་དུ་གཏོང་བའི་ལམ་ལུགས་ལག་བསྟར་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ལུགས་ལག་བསྟར་ལ་འགན་སྲུང་ཐུབ་པ་བྱ་དགོས་པའི་བླང་བྱ་རབ་དང་རིམ་པ་བཏོན་གནང་ཡོད། ཤིན་མིང་གིས། ལམ་ལུགས་ཀྱི་སྲོག་རྩ་དེ་ལག་བསྟར་ལ་ཐུག་ཡོད། ལྷག་པར་དུ་རང་རེའི་ཏང་གི་ཚོད་བགམ་ཐེངས་མང་བརྒྱུད་ནས་བཙུགས་པའི་དབང་ཆའི་ལྟ་སྐུལ་ལམ་ལུགས་སྔར་བས་དོ་ནན་པའི་སྒོ་ནས་ལག་བསྟར་བྱས་ཚེ། བཅོས་སྐྱོང་གི་ནུས་པ་ཟམ་མི་ཆད་པར་ཐོན་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་དེ་དག་གིས་སྒྲིག་ཁྲིམས་ཀྱི་ཚོད་འཛིན་ཤུགས་ཆེར་གཏོང་བ་དང་། ལམ་ལུགས་ལག་བསྟར་བྱ་ཤུགས་ཆེ་རུ་གཏོང་བར་བརྩི་སྲུང་ཞུ་ས་གལ་ཆེན་མཁོ་འདོན་མཛད་ཡོད་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལམ་ལུགས་གཞིར་བཟུང་རང་འགན་གཙང་སྒྲུབ་བྱེད་པ་དང་། ལམ་ལུགས་བེད་སྤྱོད་མཁས་པོ་བྱས་ནས་ལས་དོན་བསྒྲུབ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

སྔ་ཕྱི་བར་གསུམ་དུ་ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གི་གསུང་བཤད་གལ་ཆེན་གྱི་གསལ་འགྲེལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཡུན་རིན་སྲིད་འཛིན་བྱེད་པའི་ཆ་རྐྱེན་འོག་རང་སོའི་གནད་དོན་ཐག་གཅོད་དང་། ལོ་རྒྱུས་ཀྱི་འཁོར་ཡུན་ཚད་གཞི་ལས་བརྒལ་བའི་ལེགས་གྲུབ་ལྡན་པའི་འགྲོ་ལམ་ཞིག་འཚོལ་ཞིབ་ཐུབ་པ་དང་། ནུས་པ་ལྡན་པའི་དབང་གྲགས་ལྟ་སྐུལ་དོ་དམ་ལམ་ལུགས་དང་སྒྲིག་བསྟར་ཁྲིམས་བསྟར་མ་ལག་འཛུགས་སྐྱོང་བྱས་ཡོད། འགྲོ་ལམ་འདི་དང་ལམ་ལུགས་