ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་བ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

2020-01-14 15:01:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་རིག་རྩལ་འཁྲབ་སྟོན་དེ་སྤྱི་ཚེས་13ཉིན་པེ་ཅིང་དུ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་བཞུགས་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད་པ་རེད།

ཀྲུང་གོ་གསར་པར་བསྟོད་གླུ་ཕུལ། དུས་རབས་གསར་པར་འབད་འཐབ་བྱེད། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་འཆར་ཉེའི་ཡོད་པའི་མཚམས་འདིར། ཀྲུང་གོ་གསར་པ་འཛུགས་པ་དང་། སྲུང་སྐྱོང་། འཛུགས་སྐྲུན་བཅས་བྱ་ཆེད་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་རྣམས་དགའ་འཛོམས་གནང་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ཡོད་པ་རེད།

ཕྱི་དྲོའི་ཆུ་ཚོད་4པ་ཙམ་ལ་ཞི་ཅིན་ཕིང་བློ་མཐུན་རྒན་གྲས་ཚོའི་ཁྲོད་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་གིས་ཚང་མ་དང་མཛའ་བརྩེའི་ངང་ཕྱག་བཏང་གནང་བ་དང་་། ཁོང་རྣམ་པའི་སྐུ་གཟུགས་དང་འཚོ་བའི་གནས་ཚུལ་སྐོར་ལ་ཐུགས་བརྩེ་ཆེན་པོའི་ངང་བཀའ་འདྲི་གནང་བ་དང་། འདས་ཟིན་པའི་ལོ་གཅིག་རིང་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཐུན་མོང་ཐོག་ཕྱིར་དྲན་གནང་ཡོད། བློ་མཐུན་རྒན་གྲས་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་བྱེད་པ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་རྒྱུན་འཁྱོངས་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གསར་འབྱེད་གསར་སྐྲུན་བྱེད་པ་བཅས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་སྤྱི་ལོ་2020ལོའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པའི་རླབས་ཆེན་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།

འཁྲབ་སྟོན་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ཞེས་པས་བརྗོད་དོན་གཙོ་བོ་བྱས་པ་དང་། གླེང་གཞི་དང་མཇུག་བསྡུའི་གཏམ། དམག་དཔུང་གི་བླ་སྲོག་གཏན་འཛུགས་བྱེད་པ་ཞེས་པ་དང་། མི་དམངས་ལ་བརྩེ་བ་འཆང་བ་ཞེས་པ། ས་ཆ་སོར་གང་ཡང་མི་གློད་པ་ཞེས་པ། དམག་རྒྱག་ཕོད་པ་དང་རྒྱལ་ཁ་ཐོབ་ངེས་ཡིན་པ་ཞེས་པ། ཁྲག་རྒྱུན་རྒྱུན་མཐུད་བྱེད་པ་ཞེས་པ། བརྗིད་ཆེའི་ཁས་ལེན་ཞེས་པ། མི་རིགས་བསྐྱར་དར་ཞེས་པ་བཅས་སྡེ་ཚན་7ལས་གྲུབ་པ་དང་། གླུ་གཞས་དང་། ཞབས་བྲོ། འཁྲབ་ཚན་ཆུང་གྲས། གློག་བརྙན་དང་བརྙན་འཕྲིན་གྱི་པར་གཞིའི་དུམ་བུ་སོགས་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས། རང་རེའི་ཏང་དང་རང་རེའི་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་དང་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་ཉམས་འགྱུར་མངོན་པར་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཡོད། དགའ་སྤྲོའི་རྣམ་པས་ཁེངས་པའི་འཁྲབ་སྟོན་དང་ཞབས་བྲོ་ང་དང་ངའི་མེས་རྒྱལ་མཉམ་དུ་ལོ་གསར་གཏོང་ཞེས་པས་འཁྲབ་སྟོན་གྱི་འགོ་ཚུགས་ཡོད་པ་རེད།

ཞུས་ཆི་ལིའང་དང་། ཀྲང་ཡིའུ་ཞ། ཝེ་ཧྥེང་ཧོ། ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་ནས་ལྷན་དུ་འཁྲབ་སྟོན་གཟིགས་ཡོད་པ་རེད།

འཁྲབ་སྟོན་གཟིགས་མཁན་གྲས་སུ་ད་དུང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། པེ་ཅིང་དུ་བཅའ་སྡོད་ཚན་པ་ཆེ་གྲས་ཀྱི་འགོ་ཁྲིད། པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་བཅས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མགོན་པོ་གཡུལ་རྒྱལ།
ཡིག་སྒྱུར། མཚམས་གཅོད།

འཛམ་གླིང་སྐར་ཁུངས།

གནམ་གྲུ་བརྡབས་པའི་དོན་རྐྱེན་ནང་རྐྱེན་ལམ་ཤོར་མཁན་ལ་མྱ་ངན་ཞུས་པ།

ཟླ་1ཚེས་11ཉིན། དབྱི་རན་གྱི་རྒྱལ་ས་ཐེ་ཧེ་རན་དུ། མང་ཚོགས་ཀྱིས་ཝུའུ་ཁོ་ལན་གྱི་འགྲིལ་སྐྱེལ་གནམ་གྲུ་ས་ལ་ལྷུངས་པའི་དོན་རྐྱེན་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུ་བཞིན་པ། ཝུའུ་ཁོ་ལན་རྒྱལ་སྤྱིའི་གནམ་གྲུ་ཀུང་སིའི་པའོ་དབྱིན་གནམ་གྲུ737-800ཚེས་8ཉིན་གྱི་སྔ་དྲོར་ཐེ་ཧེ་རན་ཧོ་མོན་ཉིང་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཝུའུ་ཁོ་ལན་གྱི་རྒྱལ་ས་ཅི་ཕུའུ་རུ་འཕུར་བ་རེད། ཡིན་ནའང་།

中央广播电视总台 央广网 版权所有

ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་བ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

ཀྲུང་དབྱང་དམག་ཨུད་ཀྱིས་པེ་ཅིང་དུ་བཅའ་སྡོད་དཔུང་སྡེའི་ལས་བྱེད་པ་རྒན་གྲས་ལ་འཚམས་འདྲི་ཞུས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བའི་རིག་རྩལ་འཁྲབ་སྟོན་དེ་སྤྱི་ཚེས་13ཉིན་པེ་ཅིང་དུ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེར་བཞུགས་དམག་དཔུང་གི་བློ་མཐུན་རྒན་གྲས་དང་དམག་ཡོངས་ཀྱི་ལས་བྲལ་