ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དཔྱིད་གསར་གཞི་རིམ་དུ་བསྐྱོད་ཅེས་པ་སྟེ། ཏཱ་ཝན་གྲོང་ཚོའི་དབུལ་སྒྲོལ་གྱི་སྒོ་མོ་ཕྱེ་བ།

2020-01-13 10:16:00     责编:卓玛才让

དམིགས་བསལ་ཇུས་འགོད་བྱས་པའི་དཔྱིད་གསར་གཞི་རིམ་དུ་བསྐྱོད་ཅེས་པའི་ཆེད་བསྒྲིགས་ལེ་ཚན་ནང་། དེ་རིང་ང་ཚོས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་དངོས་སྡོད་རྩད་ཞིབ་གསར་འགོད་པ་ལིའུ་ཅུན་གྱི་གོམ་བགྲོ་དང་བསྟུན་ནས་རི་བོ་ཏ་པེ་ཧྲན་གྱི་དབུས་རྒྱུད་ཨན་ཧུའེ་ཞིང་ཆེན་ཅིན་ཀྲའེ་རྫོང་ཏ་ཝན་གྲོང་ཚོའི་དབུལ་སྒྲོལ་སྐོར་ངོ་སྤྲོད་ཞུ་གི་ཡིན། རི་བོ་ཏ་པེ་ཧྲན་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་ཆེས་དབུལ་པོའི་གྲོང་ཚོའི་གྲས་ཤིག་ཡིན་པའི་ཏ་ཝན་གྲོང་ཚོས་གྲོང་གསེབ་ཡུལ་སྐོར་གྱི་གསེར་གྱི་ལྡེ་མིག་ལ་བརྟེན་ནས་རི་བོ་སྐྱ་ཞིང་ཆུ་མོ་ཉོག་པའི་སྒོ་ལྕགས་ཕྱེ་བ་དང་སྤྱི་ལོ་2018ལོར་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

དགུན་ཟླ་གསུམ་པའི་གངས་ཆུང་ཞིག་བབས་མ་ཐག་སྤྲིན་སྨུག་འཁྲིགས་པའི་རི་བོ་ཏ་པེ་ཧྲན་གྱིས་ཀྱག་ཀྱོག་གི་ཆུ་བོ་ཆུང་ཆུང་ཞིག་གངས་འཁྱགས་ལས་སྒྲོལ་ཏེ་རི་འདབས་ཀྱི་གཡང་དཀར་རྫ་གཡམ་གྱི་ཁང་པ་ཞིག་བརྒྱུད་དེ་དལ་པོའི་ངང་མདུན་ཕྱོགས་སུ་རྒྱུག་བཞིན་ཡོད་པ་དེ་ནི་ཨན་ཧུའེ་ཞིང་ཆེན་ཅིན་ཀྲའེ་རྫོང་ཧྭ་ཧྲི་ཤང་ཏ་ཝན་གྲོང་ཚོ་རེད།

ཡུས་ཅིང་ནི་ཏ་ཝན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ལས་དོན་གྱི་རུ་དཔོན་རེད། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་ཁོང་གི་སེམས་ཁྲལ་ཆེ་ཤོས་ནི་གྲོང་ཚོའི་ཞིང་ཁྱིམ་སྤྲོ་ཁང་ཡིན་པ་དང་གསར་འགོད་པ་ལིའུ་ཅུན་གྱིས་ཁོང་གི་རྗེས་སུ་འབྲངས་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ཀུའུ་ལིང་རི་འདབས་ཀྱི་གྲོང་མིའི་ཞག་སྡོད་གཉེར་སྐྱོང་པ་ཝང་ཡུས་ཅེའི་ཁྱིམ་དུ་འབྱོར་བ་རེད།

ཝང་ཡུས་ཅེས་གསར་འགོད་པར་ད་ཆ་མི་མི་ཉུང་བ་ཞིག་གིས་ཁ་པར་བརྒྱབ་ནས་གངས་བབས་ཡོད་མེད་སྐད་ཆ་དྲིས་བྱུང་། གངས་བབས་རྗེས་འདི་གའི་མཛེས་ལྗོངས་ལ་ལྟ་བར་ཡོང་གི་ཡིན་ཞེས་བཤད་ཀྱི་འདུག་ཅེས་པའི་སྐད་ཆའི་འགྲོས་དང་བསྟུན་ནས་ཁོང་གི་མཛུབ་མོ་རྒྱབ་ངོས་ཀྱི་ཅིན་ཅེ་ཞིང་ཁྱིམ་སྤྲོ་ཁང་ཞེས་པའི་སྒོ་བྱང་བཀལ་བའི་ཐོག་བརྩེགས་བཞི་ལྡན་གྱི་ཕྱོགས་ལ་གཏད་པ་དང་། ཝང་ཡུས་ཅེས་སྤོབས་ཉམས་ཀྱི་ཁེངས་པའི་ངང་ནས་གསུངས་པ་རེད། ཁོང་གི་ཁྱིམ་ལ་དེ་སྔ་རྩྭ་ཁང་གཉིས་ལས་མེད་པ་དང་། འཚོ་བའི་ཆེད་དུ་ཁྱིམ་གྱི་སྒོ་ལྕགས་བརྒྱབ་ནས་གྲོང་ཁྱེར་དུ་ཨར་པོ་རྒྱུག་པར་འགྲོ་དགོས་བྱུང་བ་རེད།

སྤྱི་ལོ་2017ལོར། ཏ་ཝན་གྲོང་ཚོས་རི་མགོར་ཇ་བཏབ། ཁྱིམ་དུ་མགྲོན་བསུ་བྱེད་ཅེས་པའི་གྲོས་འགོ་་བཏོན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་གསར་སྤེལ་བྱེད་འགོ་ཚུགས་པ་རེད། ཝང་ཡུས་ཅེས་སྤྱི་ལོ་2016ལོར་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་རྗེས་ས་ཆ་འདིར་ཡུལ་སྐོར་ལ་ཕེབས་མཁན་ཧ་ཅང་མང་པོ་ཡོད་པ་དང་། དེའི་ཁར་ང་ཚོའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད་པས་མི་གཞན་གྱིས་ཤེས་རྗེས་ཕྱིར་ལོག་མགྲོན་པོ་ཧ་ཅང་མང་པོ་ཡོད་ཅེས་གསུངས་པ་རེད།

སྤྱི་ལོ་2018ལོར། ཝང་ཡུས་ཅེའི་ཞིང་ཁྱིམ་སྤྲོ་ཁང་གི་ཐོག་ཁང་ཆུང་ཆུང་དེ་བསྐྲུན་པ་དང་དེའི་ས་ཆའི་གནས་བབ་ཡག་པ་དང་ས་རྒྱ་ཆེ་ལ་ཟ་མའི་བྲོ་བ་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་ཚོང་གི་བྲིན་ཁ་འཕྲལ་མ་ཉིད་དུ་རྒྱུག་པོ་བྱུང་བ་རེད། སྤྱི་ལོ་2018ལོའི་ཟླ་10པའི་ཚེས་གཅིག་ཉིན་ལས་འགོ་བརྩམས་པ་ནས་དཔྱིད་གསར་དུས་ཆེན་མ་སླེབས་བར་ཡུལ་སྐོར་བ་ཉིན་ལྟར་ཡོང་གི་འདུག དེའི་ཐོག་འདི་གར་ཕེབས་པ་ཙམ་མ་ཟད་ཉིན་ཤས་ཞག་སྡོད་བྱེད་ཀྱི་ཡོད་པས་རྩ་བའི་ཆ་ནས་ཉལ་ཁང་འདང་གི་མིན་འདུག་ཅེས་གསུངས་པ་རེད།

སྤྱི་ལོ་2019ལོར་ཝང་ཡུས་ཅེ་ཡིས་རང་འགུལ་ངང་ཞིང་ཁྱིམ་སྤྲོ་ཁང་རྒྱས་སྐྲུན་རིམ་སྤོར་བྱས་པ་རེད། ཁོང་གིས། ད་ཆ་གྲོང་ཚོར་ཡུལ་སྐོར་གསར་སྤེལ་ཀུང་སི་བཙུགས་པ་དང་། ལེ་དབར་བཅུ་ཡི་ཆུ་ཁར་གཡེང་བ་དང་། མའོ་ཏིང་རྦབ་ཆུ་སོགས་ཡུལ་སྐོར་རྣམ་གྲངས་བསྐྲུན་ཟིན་ཉེར་ཡོད་པས་འཕེལ་རྒྱས་ཀྱི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ད་ཆ་འཚོ་བའི་ཐད་ལ་སེམས་ཁྲལ་རྩ་བ་ཉིད་ནས་མིན་འདུག་ལ། བརྟན་ལྷིང་གི་ཡོང་འབབ་ཡོད་ཁར། ཁེ་གཙང་ཁོ་ན་སྒོར་གསུམ་འབུམ་ཙམ་ཟིན་གྱི་འདུག་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

དཔྱིད་གསར་གཞི་རིམ་དུ་བསྐྱོད་ཅེས་པ་སྟེ། ཏཱ་ཝན་གྲོང་ཚོའི་དབུལ་སྒྲོལ་གྱི་སྒོ་མོ་ཕྱེ་བ།

དམིགས་བསལ་ཇུས་འགོད་བྱས་པའི་དཔྱིད་གསར་གཞི་རིམ་དུ་བསྐྱོད་ཅེས་པའི་ཆེད་བསྒྲིགས་ལེ་ཚན་ནང་། དེ་རིང་ང་ཚོས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་དངོས་སྡོད་རྩད་ཞིབ་གསར་འགོད་པ་ལིའུ་ཅུན་གྱི་གོམ་བགྲོ་དང་བསྟུན་ནས་རི་བོ་ཏ་པེ་ཧྲན་གྱི་དབུས་རྒྱུད་ཨན་ཧུའེ་ཞིང་ཆེན་ཅིན་ཀྲའེ་རྫོང་ཏ་ཝན་གྲོང་ཚོའི་དབུལ་སྒྲོལ་སྐོར་ངོ་སྤྲོད་ཞུ་གི་ཡིན།