ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པར་ཐབས་ཇུས་སྣ་ཚོཊ་བཏོན་འདུག

2020-01-12 10:51:00     责编:卓玛才让

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་ཁྲིད་འོག དུས་རབས་གསར་པ་དང་། བྱས་རྗེས་གསར་པ། ལེའུ་གསར་པ་སྟེ། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར། ཇུས་བསྟར་ཐད་ཐབས་ཤེས་དངོས་འདོན་པ་དང་། གནད་སྨིན་སྐུལ་འདེད་ཐད་བྱས་རྗེས་དངོས་འཇོག་པ། གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱེད་པ།

སྤྱི་ལོ་༢༠༡༣ལོའི་ཟླ་༡༡པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་ཤང་ཤི་ཡི་ཧྲེ་པ་ཏུང་གྲོང་ཚོར་རྟོག་ཞིབ་གནང་སྐབས། གནད་སྨིན་དབུལ་སྐྱོར་ཞེས་པའི་འདུ་ཤེས་དེ་ཐོག་མར་བཏོན་གནང་ཡོད། འདུ་ཤེས་དེའི་མཛུབ་ཁྲིད་འོགས་གནས་ཁག་གིས་ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་རིགས་དབྱེ་ཇུས་འདོན་དང་། དམ་པ་དོན་གཉེར་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། དམིགས་བསལ་ཇུས་འགོད་ལེ་ཚན་༼དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་༽ཞེས་པ་ལས། དེ་རིང་གནད་སྨིན་དབུལ་སྐྱོར་གྱི་ལེའུ་སྟེ།ཇུས་བསྟར་ཐད་ཐབས་ཤེས་དངོས་འདོན་པ་དང་། གནད་སྨིན་སྐུལ་འདེད་ཐད་བྱས་རྗེས་དངོས་འཇོག་པ།གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་དངོས་ཐོན་པ་བྱེད་དགོས་ཞེས་པ་ཞུ་རྒྱུ་ཡིན།

སྤྱི་ལོ་༢༠༡༥ལོའི་ཟླ་༡༡པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་ཐོགདབུལ་སྒྲོལ་འགག་སྒྲོལ་ལ་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པ་བྱེད་པའི་འགག་རྩ་ནི། ལམ་བུ་ཡང་དག་འཚོལ་བ་དང་སྒྲིག་སྲོལ་ལམ་སྲོལ་ཡག་པོ་བཙུགས་ནས།གཙོ་གནད་དམ་འཛིན་དང་། དཀའ་གནད་སེལ་བ།ཤུགས་རྒྱག་ས་ཁོང་དུ་ཆུད་པ་བཅས་བྱེད་དགོས།འབོད་ཚིག་སྟོང་པ་སྒྲོག་པ་དང་། སྟོང་གཏམ་འུད་སྒྲོག་བྱེད་པ།སེམས་ལ་གདེང་ཚོད་མེད་པ། རྨོངས་ཚོད་ཡ་ཡུག་བཅས་བྱས་ན་མི་འགྲིག་ལ།ཡིན་མདོག་དང་། འདྲ་ཆགས་པོ།ཤིག་གསོད་པར་སྟ་རེ་འཕྱར་བ་བཅས་བྱས་ནའང་མི་འགྲིག་པར། ཇུས་བསྟར་ཐད་ཐབས་ཤེས་དངོས་འདོན་པ་དང་།གནད་སྨིན་སྐུལ་འདེད་ཐད་བྱས་རྗེས་དངོས་འཇོག་པ། གནད་སྨིན་དོན་འཁྱོལ་ཐད་ཕན་འབྲས་དངོས་ཐོན་པ་བྱེད་དགོས་ཞེས་བསྟན་གནང་ཡོད།སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་གྱིས་དུད་ཚང་རེར་ཐབས་ཇུས་རེའི་གནད་སྨིན་དབུལ་སྐྱོར་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ལས་བྱེད་པ་བཞི་འབུམ་ལྷག་ཙམ་གྲོང་ཚོ་དབུལ་པོར་གྲོང་སྡོད་ལས་བྱེད་པ་དང་ཧྲུའུ་ཅི་དང་པོ་བྱེད་པར་འདེམས་གཏོང་བྱས་ཡོད།ཁོང་ཚོ་གྲོང་ཚོར་འཚོ་སྡོད་བྱེད་ཅིང་། གྲོང་ཚོའི་དུད་ཚང་དབུལ་པོ་ཚང་མའི་ཁྱིམ་ཚང་གི་གནས་ཚུལ་རྒྱུས་མངའ་ལོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་གདམ་རྒྱུར་མཛུབ་ཁྲིད་བྱེད་པ། རྣམ་གྲངས་དོན་འཁྱོལ་ལ་འདེགས་སྐྱོར་བྱེད་པ་བཅས་ཀྱི་ཐོག་ནས། དབུལ་སྐྱོར་སྲིད་ཇུས་དང་རོགས་སྐྱོར་བྱ་ཡུལ་བར་སྦྲེལ་མཐུད་ཡག་པོ་བྱས་ཡོད་པ་རེད།

ཧྲན་ཤི་ཞིང་ཆེན་ལུའེ་ལེའང་གྲོང་ཁྱེར་དུ། རྩ་གཉིས་ཨང་རྟགས་ཀྱང་གནད་སྨིན་དབུལ་སྐྱོར་ལས་དོན་ཁྲོད་སྤྱད་ཡོད།༼ཚན་རྩལ་+ལམ་ལུགས་༽ཀྱི་བྱེད་ཐབས་སྤྱད་དེ། ས་གནས་དེ་གས་གསར་གཏོད་རང་བཞིན་གྱི་སྒོ་ནས་༼ཨང་གཅིག་གཙང་སེལ་༽གྱི་དོ་དམ་ཁྱབ་གདལ་བཏང་ཡོད། རྒྱལ་ཁབ་ཀྱི་དབུལ་སྐྱོར་གྲངས་གཞིའི་མཛོད་དང་རྫོང་གི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་མཛོད་ཀྱི་འབྲེལ་ཡོད་གྲངས་གཞི་རྨང་གཞིར་བྱས་ཏེ།གྲངས་གཞི་བསྡུ་ལེན་དང་། རིགས་དབྱེ་དབྱེ་ཞིབ་བྱས་ནས། ཤང་རེར་ཨང་རྟགས་རེ་དང་། གྲོང་ཚོ་རེར་ཨང་རྟགས་རེ། དུད་ཚང་རེར་ཨང་རྟགས་རེ་བཅས་ཡོད་པ་དང་། དབུལ་སྐྱོར་རྣམ་གྲངས་དང་། དབུལ་སྐྱོར་མ་དངུལ། དབུལ་སྐྱོར་སྲིད་ཇུས་བཅས་གྲོང་ཚོར་ཁྱབ་པ་དང་དུད་ཁྱིམ་དུ་འབྱོར་བའི་གནས་ཚུལ་རྣམས་ཨང་རྟགས་རེ་རེ་ལས་མངོན་གྱི་ཡོད་ཅིང་། ཨང་རྟགས་རེ་རེ་བྱས་ཏེ་གཙང་བཤེར་བྱེད་བཞིན་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ནང་། ཐོན་ལས་དབུལ་སྐྱོར་དེ་ཉིད་རྒྱུན་མཐུད་འཕེལ་རྒྱས་ཀྱི་དབུལ་སྐྱོར་བྱེད་ཐབས་ཤིག་ཡིན་པའི་ངོས་ནས་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། སྤྱི་ལོ་༢༠༡༧ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམ་པར་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཀྲང་པེ་རྫོང་ཞའོ་ཨེར་ཐའེ་གྲོང་རྡལ་ཏེ་ཧྲེང་གྲོང་ཚོར་ཕེབས་ནས། དུད་ཚང་དབུལ་པོར་འཚམས་འདྲི་གནང་ཡོད། གྲོང་མི་ཞུས་ཧའེ་ཁྲེང་གི་ཁྱིམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞོག་ཁོག་ཆུང་ངུའི་སོན་འདེབས་ཐོན་སྐྱེད་གནས་ཚུལ་སྐོར་བཀའ་འདྲི་གནང་ནས། ཚང་མར་དབུལ་སྒྲོལ་གྱི་རྩིས་བརྒྱབ་སྟེ་ཕྱུག་འགྱུར་ལམ་བུ་འཚོལ་རོགས་མཛད་ཡོད།

སྤྱི་ལོ་༢༠༡༨ལོའི་དཔྱིད་ཀ་ཤར་བའི་མཚམས་དེར། ཏེ་ཧྲེང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་མཉམ་ལས་ཁང་གིས་གྲོང་ཚོའི་ཏང་ཀྲི་པུས་བརྩོན་ལེན་བྱས་པའི་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྤྱད་དེ། ཞོག་ཁོག་ཆུང་ངུ་འདེབས་སའི་དྲོད་ཁང་༢༨༠བསྐྲུན་ཡོད། དུད་ཚང་དབུལ་པོར་ལོ་རེར་སྒོར་༡༠༠༠གི་རིན་གོང་ཐོག་ནས་སྔོན་ལ་འགན་གཙང་ལེན་དུ་བཅུག་ཡོད། ཆེད་ལས་ཀུང་སི་གཉིས་ཀྱིས་ཤེལ་དམ་ནང་གི་མྱུ་གུ་དང་རིན་མེད་ལག་རྩལ་ཞབས་ཞུ་སོགས་མཁོ་འདོན་བྱ་རྒྱུའི་འགན་འཁུར་གྱི་ཡོད། ད་ཆ། ཏེ་ཧྲེང་གྲོང་ཚོའི་ཞོག་ཁོག་གི་ཚོང་རྟགས་འབྱོར་ལྡན་པའི་ཏེ་ཧྲེང་ཞེས་པ་ཐོ་འགོད་བྱས་པ་མ་ཟད། རྒྱལ་ཁབ་ཀྱི་ལྗང་མདོག་དཔང་བདེན་ར་སྤྲོད་ཐུབ་པ་དང་།ཏེ་ཧྲེང་གྲོང་ཚོ་ཡང་རྒྱལ་ཡོངས་ཀྱི་གྲོང་ཚོ་རེར་སྤུས་རྟགས་རེའི་དཔེ་སྟོན་གྲོང་ཚོ་ཁག་བརྒྱད་པའི་གྲས་ལ་བདམས་ཡོད། ཞུས་ཧའེ་ཁྲེང་གིས།རང་ཁྱིམ་གྱི་ས་དོང་ནང་ཞོག་ཁོག་མངར་མོ་དང་ཞོག་ཁོག་ཆུང་ངུས་ཁེངས་ཡོད་པ་དེ་དག་ལ་བལྟ་ཞོར་དུ། གསར་འགོད་པར། གསེར་མདོག་གི་ཞོག་ཁོག་ཆུང་ངུ་དེ་དག་འདེབས་འཛུགས་བྱས་པར་བརྟེན་ནས། གྲོང་མི་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད་ཅེས་བཤད་ཡོད།

གནད་སྨིན་ཞེས་པའི་ཡིག་འབྲུ་གཉིས་ལ་དམིགས་ནས་ཤུགས་བརྒྱབ་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ལས་འཕེལ་རྒྱས་བཏང་སྟེ། མང་ཚོགས་དབུལ་པོའི་དབུལ་སྒྲོལ་གོམ་སྟབས་ཟམ་མི་ཆད་པར་མགྱོགས་སུ་བཏང་ཡོད། གནད་སྨིན་དབུལ་སྐྱོར་ཐད། སི་ཁྲོན་གྱིས་དམིགས་ཚད་དང་ཚད་གཞི་རྒྱུན་འཁྱོངས་ཀྱིས།འབེན་ལ་དམིགས་པ་དང་གནད་སྨིན་ཇུས་འདོན་བྱས་ཡོད།དབུལ་སྐྱོར་བྱ་ཡུལ་གནད་སྨིན་དབྱེ་འབྱེད་དང་། ཡིག་ཚགས་འཛུགས་པ་དང་གཱ་ཤོག་བཟོ་བ། འགུལ་རྣམ་ལེགས་སྒྲིག་བཅས་བྱས་པ་བརྒྱུད། སྔ་རྗེས་སུ་གནད་སྨིན་དབྱེ་འབྱེད་ཐེངས་བཞི་བྱས་ཏེ། སི་ཁྲོན་ཞིང་ཆེན་གྱི་དབུལ་ཕོངས་ཕྱོགས་ཡོངས་ནས་བཙལ་འཚོལ་བྱས་ཡོད། སི་ཁྲོན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་གཞུང་དོན་ཁང་གི་ཀྲུའུ་རེན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུད་ཀྱི་ཅུད་ཀྲང་རྒྱ་མཚོ་ཡིས། སི་ཁྲོན་གྱིས་ད་དུང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲངས་གཞི་ཆེ་མོའི་ལས་སྟེགས་བསྐྲུན་ནས། ལོ་ལྟར་འགུལ་རྣམ་ལེགས་སྒྲིག་ཐེངས་རེ་བྱེད་པ་དང་། དབུལ་སྒྲོལ་བྱ་དགོས་པར་དུས་ཐོག་ཏུ་རྟགས་འགོད་པ། དབུལ་ལོག་ཐེབས་པ་དུས་ཐོག་ཏུ་ནང་འཇུག་བཅས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

ད་ཆ་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པར་ལོ་གཅིག་ལས་མེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁྲོད། ལྷག་མ་ཚང་མ་དབུལ་ཕོངས་ཁྲོད་ཀྱི་དབུལ་ཕོངས་དང་དཀའ་ངལ་ཁྲོད་ཀྱི་དཀའ་ངལ་དང་། སེལ་དཀའ་བའི་དཀའ་གནད་ཤ་སྟག་རེད། སྤྱི་ལོ་༢༠༡༩ལོའི་ཟླ་བ་གསུམ་པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་དུས་སུ་ཇི་ཙམ་སླེབས་ཚེ་དེ་ཙམ་གྱིས་རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་བརྟན་དུ་གཏོང་བ་དང་། དེ་ཙམ་གྱིས་ངར་ཤུགས་གཅིག་སྒྲིམ་གྱི་ཆོད་སེམས་ཡོད་དགོས་པ་དང་། དབུལ་སྒྲོལ་ལས་དོན་ནང་ཧུར་ཐག་ཞུགས་པ་དང་། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། དམ་པ་དོན་དུ་གཉེར་བ། གནད་སྨིན་ཇུས་འདོན་བཅས་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་པར་ཐབས་ཇུས་སྣ་ཚོཊ་བཏོན་འདུག