ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སུ་ཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

2020-01-10 16:00:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སུ་ཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སྒོ་ཀུན་ནས་ལག་ལེན་བསྟར་བ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱེད་པའི་དམིགས་འབེན་ལས་འགན་དང་དམ་པོར་འབྲེལ་བ། སྨན་བཅོས་འགན་སྲུང་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ། དམངས་འཚོ་ལེགས་བཅོས་འགན་སྲུང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཧན་ཀྲེང་གིས། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་ལག་བསྟར་ནན་ཏན་བྱས་ཏེ། རང་འགན་གཙང་སྒྲུབ་དང་། འགན་དཀྲི་འཁུར་ཕོད་པ། ལས་ཁུངས་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ་བཅས་བྱས་པས་ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་རྐྱེན་ཁས་ལེན་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།

ཧན་ཀྲེང་གིས། རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཕེལ་རྒྱས་ཀྱི་དུས་མཚམས་ལ་གཞི་ཚུགས་ཏེ་དམིགས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མཚོན་པའི་སྨན་བཅོས་འགན་སྲུང་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ཁྱོན་ཡོངས་ལ་ཁྱབ་པ་དང་། གཞི་རྩའི་འགན་ལེན་བྱེད་པ། རྒྱུན་མཐུད་ཐུབ་པ་བཅས་མཐའ་འཁྱོངས་བྱས་ནས། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་དྲ་བ་བརྟན་པོ་བཟོ་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚད་རྒྱུན་འཁྱོངས་དང་། འགན་སྲུང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་རེ་འདུན་དང་རེ་བ་སྐོང་བ། རྒྱ་ཆེའི་མང་ཚོགས་ལ་ཐོབ་ཚོར་ཡོད་པ་བཅས་བྱ་དགོས། དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་སྒྱུར་བཅོས་བྱེད་ཐབས་བཏོན་ནས་སྒྱུར་བཅོས་ནུས་ལྡན་དང་ནུས་ལྡན་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཧན་ཀྲེང་གིས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམིགས་ཏེ་སྨན་བཅོས་འགན་བཅོལ་གྱི་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ་གནད་སྨིན་དབུལ་སྒྲོལ་གྱི་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་བྱེད་དགོས། བསླུ་བྲིད་མགོ་སྐོར་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་“བཟོད་སྒོམ་གཏན་ནས་མི་བྱེད་པ་”རྒྱུན་འཁྱོངས་དང་། བཅའ་ཁྲིམས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འཕུར་སྐྱོད་ཞིབ་བཤེར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དང་བེད་སྤྱོད་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཁེ་ཕན་གྱི་བཀག་རྒྱ་སྣ་ཚོགས་གཏོར་བ། གཅིག་སྡུད་ཐོག་གྲངས་ཚད་ཡོད་པའི་ཉོ་སྒྲུབ་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ཉོ་སྒྲུབ་ཀྱི་སྣ་ཁའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། “སྨན་གསུམ་མཉམ་འགུལ”གྱི་སྒྱུར་བཅོས་ལ་སྐུལ་ཁྲིད་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ཚན་རིག་དང་མཐུན་པའི་སྒོ་ནས་ལེགས་སྒྲིག་བྱས་ནས་སྲོག་སྐྱོབ་མྱུར་སྐྱོབ་ཀྱི་སྨན་དེ་བས་མང་བ་སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་འཇུག་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སྨན་བཅོས་འགན་སྲུང་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཧན་ཀྲེང་གིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་སུ་ཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

ཧན་ཀྲེང་གིས། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་ལག་བསྟར་ནན་ཏན་བྱས་ཏེ། རང་འགན་གཙང་སྒྲུབ་དང་། འགན་དཀྲི་འཁུར་ཕོད་པ། ལས་ཁུངས་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་དང་ཞབས་ཞུར་ཤུགས་