ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་བརྡ་ཐོ།

2020-01-10 15:48:00     责编:sangjzm

ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གིས་༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་བརྡ་ཐོ་༽ཞེས་པ་པར་འགྲེམས་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། ཀྲུང་དབྱང་གི་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གིས་༼སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་བརྡ་ཐོ་༽ཞེས་པ་པར་འགྲེམས་བྱས་ཡོད།

བརྡ་ཐོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཏང་ཡོངས་ཀྱིས་འགོ་འཛུགས་ས་གསར་པའི་ཐོག་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།

བརྡ་ཐོའི་ནང་། བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱ་དགོས། རིམ་ཁག་ཏང་ཨུད་༼ཏང་ཙུའུ་༽ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཉིད་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་ཡག་པོ་བྱ་དགོས་པ་དང་། འགོ་ཁྲིད་ཚན་པས་ཆེད་མངགས་དུས་ཚོད་བཀོད་སྒྲིག་བྱས་ཏེ་གཅིག་སྡུད་ཐོག་སློབ་སྦྱོང་དང་གྲོས་བསྡུར་བྱ་དགོས་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆེད་དོན་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱེད་པ། གསུང་བཤད་ཀྱི་དགོངས་དོན་གྱི་ངོ་བོ་དང་ལས་ཀའི་བླང་བྱར་ཁྱོན་ཡོངས་ནས་གོ་བ་ལེན་པ་བཅས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱ་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་བྱ་རྒྱུ་དེ་ཉིད་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་ཀྱི་སློབ་གཞི་ཞིག་དང་། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་མི་ཚེ་གང་པོའི་སློབ་གཞི་ཞིག་ལ་བརྩིས་ནས་རྒྱུན་དུ་ནས་དམ་འཛིན་ལྷོད་མེད་བྱ་དགོས། ས་གནས་ཁག་དང་། ཚན་པ་ཁག ལས་ཁུངས་ཁག་བཅས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་སོགས་ཀྱི་ལས་འགན་ནན་ཏན་ངང་བསྒྲུབ་པ་བརྒྱུད། བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཉིད་འགོ་མཇུག་མཐའ་འཁྱོལ་བ་དང་། སྒྲུབ་མཁས་པ་དང་གྲུབ་འབྲས་ཐོབ་པ་བྱ་དགོས། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་བྱ་རྒྱུ་དེ་ཉིད་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དང་། རྒྱུན་དུ་ནས་སྦྱོང་དགོས་པའི་སློབ་ཚན་ལ་བརྩིས་ནས། ཏང་ཀྲུང་དབྱང་གི་བླང་བྱ་དང་གཅིག་མཐུན་ཡོང་བ་བྱ་དགོས། ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ཐོག་ནས་རང་ཉིད་ལ་ཞིབ་བཤེར་བྱེད་པ་དང་། མི་དམངས་ཀྱི་རེ་སྒུག་གསར་པའི་ཐོག་ནས་རང་ཉིད་ལ་ངོས་འཛིན་གསལ་པོ་བྱེད་པ། མི་རབས་གོང་མ་དང་། སྔོན་བྱོན་དཔའ་བོ། སྔོན་ཐོན་དཔེ་མཚོན་བཅས་ཚད་འཛིན་སར་བྱེད་པ། ཐོག་མའི་བསམ་འདུན་གང་ཡིན་བསམ་བློ་གཏོང་བ་དང་། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། འགན་འཁྲི་བརྟན་སྲུང་ནན་མོ་བྱེད་ཅིང་། འགན་འཁྲི་འཁུར་བ་བཅས་ཀྱི་ཐོག་ནས། སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་པོར་གནས་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་དགོས་ཞེས་ནན་བཏོན་བྱས་ཡོད།

བརྡ་ཐོའི་ནང་། གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་སྐྱོན་རང་བརྗོད་བྱེད་པའི་ཐོག་ནས་ཐོག་མའི་བསམ་འདུན་དང་ལས་འགན་དང་རྒྱབ་འགལ་དུ་སོང་བའི་གནད་དོན་སྣ་ཚོགས་རང་རྟོགས་ངང་ཐག་གཅོད་བྱ་དགོས། ས་གནས་ཁག་དང་། ཚན་པ་ཁག ལས་ཁུངས་ཁག་བཅས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་ལེགས་སྒྲིག་ལས་འགན་ཁག་དོན་འཁྱོལ་ཡོང་རྒྱུ་དམ་འཛིན་ཡག་པོ་བྱེད་པ་དང་། འབྲས་བུ་ངན་པའི་རིགས་ཀྱི་སྣང་ཚུལ་རྩ་བ་ནས་མི་ཐོན་པ་བྱེད་པ། ཆེད་དོན་བཅོས་སྒྲིག་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། གོང་འོག་མཉམ་འགུལ་དང་། རྩ་ལག་མཉམ་བཅོས་བཅས་ཀྱི་ཐོག་ནས། གནད་དོན་ཐག་གཅོད་བྱ་རྒྱུར་སྤྱི་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་འགན་འཁུར་བ་དང་བྱས་རྗེས་འཇོག་པ་དང་། བྱ་བ་བསྒྲུབ་ནས་ལས་གཏོད་བྱེད་པའི་བྱ་སྤྱོད་ངོ་མར་འགྱུར་བ་བྱེད་དགོས། ས་གནས་ཁག་དང་། ཚན་པ་ཁག ལས་ཁུངས་ཁག་བཅས་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུའི་སྐུལ་ལྕག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་། སེམས་ཁྲལ་ཆེ་ཤོས། རེ་སྒུག་ཆེ་ཤོས་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལས་ཀའི་སྒྲིག་གཞི་འཐུས་ཚང་འཛུགས་པ། འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུར་དམ་པོར་གཞིགས་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་འཆར་འགོད་རྒྱལ་ཁའི་ངང་མཇུག་སྒྲིལ་བ། ལོ་ཧྲིལ་པོའི་ལས་དོན་བཀོད་ཇུས་ཡག་པོ་བྱེད་པ། སྒྱུར་བཅོས་དང་འཕེལ་རྒྱས་བརྟན་ལྷིང་བཅས་དམ་བཟུང་བྱེད་པའི་ལས་འགན་ཁག་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བཅས་བྱ་དགོས་ཞེས་ནན་བཏོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སྐོར་གྱི་བརྡ་ཐོ།

བརྡ་ཐོའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས། ཏང་ཡོངས་ཀྱིས་འགོ་འཛུགས་ས་གསར་པའི་ཐོག་ཏང་གི་རང་ངོས་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ་བཅས་ལ་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།