ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

2020-01-10 15:41:00     责编:sangjzm

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག ཏང་ཡོངས་ཀྱིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བརྩིས་ཏེ་ཏང་གི་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་ལ་བསམ་གཞིག་ཡང་སེ་བྱེད་པ་དང་། ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ། འགན་འཁྲི་བརྟན་སྲུང་ནན་པོ་དང་འགན་འཁྲི་ཡག་པོ་འཁུར་བ་བཅས་བྱས་ནས་ནམ་ཡང་ཐོག་མའི་བསམ་འདུན་མི་འགྱུར་བ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་རྒྱུ་ཡིན་ཞེས་བཤད་ཡོད།

ཐོག་མའི་བསམ་འདུན་ལ་རྒྱུན་དུ་བསམ་གཞིག་དང་བསམ་བློ་མ་བཏང་ཚེ་ཡུད་ཙམ་ཞིག་ལ་འགྱུར་འགྲོ་བས་དེར་ཡིད་གཟབ་གང་ལེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་རྒྱུ་དེ་ནི་དུས་ཐུང་གི་དོན་ཆེན་ཞིག་མ་ཡིན་པར། དེ་ནི་མི་ཚེ་གཅིག་གི་དོན་ཆེན་ཡིན་པས་ཏང་ཡོན་ཚང་མས་བསམ་བློ་ཆབ་སྲིད་ཐད་ནས་རང་ཉིད་ལ་བརྟག་དཔྱད་དང་དབྱེ་ཞིབ། བསམ་གཞིག་བཅས་བྱས་ཏེ་མི་གཙང་བ་དང་མི་དག་པ་རྣམས་དོར་དགོས་ཞེས་ནན་སྟོན་གནང་བར། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་གཙང་ལྟ་སྐུལ་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་ཧན་གོ་ཀོང་གིས། ང་ཚོ་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ཚན་པ་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་རྒྱུ་དེ་ཡུན་རིང་གི་བསླབ་གཞི་དང་ཏང་ཡོན་ལས་བྱེད་པའི་ཚེ་གང་བསླབ་གཞིར་བཟུང་ནས་དམ་འཛིན་ལྷོད་མེད་བྱེད་དགོས་ལ། མི་དམངས་མང་ཚོགས་ཀྱིས་ལན་ཆ་དྲག་པོ་བྱེད་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

ཁྲུང་ཆིང་གྲོང་ཁྱེར་ཧྲ་ཕིང་པཱ་ཁུལ་ཁྲལ་དོན་ཅུད་ཀྱི་ཏང་ཨུད་ཧྲུའུ་ཅི། ཅུད་ཀྲང་སུང་ཅིང་ཕོ་ཡིས། གནད་དོན་བརྟག་དཔྱད་དང་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ནི་རིགས་ཁག་གི་ཁྲལ་བསྡུའི་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་བའི་རོགས་འདེད་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པས་དེ་ང་ཚོས་ཡུན་རིང་རྒྱུན་འཁྱོངས་བྱེད་པའི་ལས་ཀའི་བྱ་ཐབས་ཤིག་ཏུ་འགྱུར་སྲིད། གནད་དོན་ཁྲིད་ཕྱོགས་སུ་བཟུང་ནས་གནད་དོན་ཐག་གཅོད་བྱེད་པའི་བྱ་ཐབས་དངོས་བཏོན་ཏེ་ལས་ཀའི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་པར། ངེས་པར་དུ་འཐབ་རྩོད་སྙིང་སྟོབས་དར་སྤེལ་དང་འགན་འཁྲི་འཁུར་ནུས་པ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་ཁྲོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དཀའ་སྤྱད་འབད་འཐབ་ཁྲོད་དུ་རང་ཉིད་ཀྱི་རྩལ་ལག་རྒྱས་པ་བྱེད་དགོས་ཞེས་གསུངས་ཡོད། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཕྱོགས་བསྡུས་བཅོས་སྐྱོང་ལྟ་སྐུལ་ཅུད་ཀྱི་ཅུད་ཀྲང་ཁྲེན་ཞའོ་ཅུན་གྱིས། སྲིད་ཁྲིམས་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་ལྡན་མིན་དེ་འཐབ་རྩོད་ཆེན་པོའི་ཁྲོད་དུ་མདུན་ལ་ཤོར་ཕོད་མིན་དང་། ཉེན་ཁ་ཆེན་པོའི་མདུན་དུ་རལ་གྲི་འཆར་ཕོད་མིན། འགལ་ཟླ་ཆེན་པོའི་མདུན་དུ་ལས་དོན་བསྒྲུབ་ཕོད་མིན་བཅས་ལ་ཐུགས་ཡོད་ཅེས་གསུངས་ཡོད།

འབྱུང་ཁམས་ཁོར་ཡུག་པུའི་ཕྱོགས་བསྡུས་སིའི་སི་ཀྲང་ཞུས་པི་ཅེའུ་ཡིས། སྦགས་བཙོག་འགོག་བཅོས་དམག་འཐབ་མིག་སྔར་མཇུག་བསྡུ་བའི་དུས་མཚམས་སུ་སླེབས་ཡོད་པས། ད་དུང་དཀའ་གནད་མང་པོ་ཐག་གཅོད་བྱེད་དགོས་ཡོད། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ཁོར་ཡུག་སྲུང་སྐྱོབ་མི་སྣའི་འགན་འཁྲི་དང་འགན་སེམས་མངོན་གང་ཐུབ་བྱེད་དགོས་ཞེས་གསུངས་ཡོད།

ཅང་ཤིའི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཧོ་ཀྲེ་ཧའེ་ཡིས། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ཁྲོད་ང་ཚོས་མང་ཚོགས་ཀྱི་ཁ་ཚ་དགོས་མཐུག་གི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། མང་ཚོགས་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་པའི་ཁྲོད་ལས་བྱེད་པའི་དམིགས་འབེན་འདུ་ཤེས་དང་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་བཏང་ཡོད་ཅེས་གསུངས་ཡོད།

ཧྲན་ཏུང་ཞིང་ཆེན་ཙི་པོ་གྲོང་ཁྱེར་ཙི་ཁྲོན་ཁུལ་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའི་པུའུ་ཀྲང་པའེ་ཤང་ཧྥང་གིས། ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ཤུགས་ཆེར་གཏོང་བའི་ལག་པ་འཇུ་སར་བརྩིས་ཏེ་གནད་དོན་ཐག་གཅོད་མ་བྱས་ན་ལྷུག་ཏུ་མི་གཏོང་བ་དང་། ཐག་གཅོད་མཐར་ཕྱིན་པ་མ་བྱས་ན་ལག་པ་མི་བློད་པ། མང་ཚོགས་ཀྱི་ཁས་ལེན་མི་ཐོབ་ན་མཚམས་མི་འཇོག་པ་བཅས་བྱེད་དགོས། ང་ཚོས་མང་ཚོགས་ལ་ང་ཚོའི་བསམ་བློ་དང་སྲིད་ཇུས་བརྒྱུད་གྲགས་བྱས་པ་ཙམ་མ་ཡིན་པར། གཙོ་བོ་དེ་མང་ཚོགས་ནས་ང་ཚོའི་ཏང་དང་སྲིད་གཞུང་ལ་ད་དུང་བསམ་འཆར་དང་རེ་བ་གང་ཞིག་ཡོད་མེད་གསལ་པོ་ཤེས་པ་བྱས་ཏེ་དོན་དངོས་གནད་དོན་ཐག་གཅོད་བྱས་པ་བརྒྱུད་དུས་མཚུངས་བསམ་བློའི་གནད་དོན་ཀྱང་ཐག་གཅོད་བྱེད་དགོས་ཞེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཏང་ཡོངས་ནས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཏང་ཡོངས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་བ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བར་ངེས་པར་དུ་བསྒྲུབ་དགོས་པ་དྲུག་བཏོན་གནང་ཡོད།

ལེའོ་ཉིང་ཞིང་ཆེན་ཏེའོ་པིང་ཧྲན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲང་པོའོ་ཡིས། ང་ཚོས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོས་འགོ་འཛུགས་ས་གསར་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ངེས་པར་དུ་བསྒྲུབ་དགོས་པ་དྲུག་གི་བླང་བྱ་གཞིར་བཟུང་། ཏེའོ་པིང་ཧྲན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཤུགས་ཆེར་གཏོང་བ། ལྷག་བསམ་རྣམ་དག་གི་ཏང་ཡོན་དཔུང་ཁག་གཏོད་རྒྱུ་རེད་ཅེས་བསྟན་ཡོད།

ཅི་ལིན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཨུད་ཆེད་གཉེར་ཧྲུའུ་ཅི་གཞོན་པ་ཧྲེན་ཧའེ་ཅའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བརྟག་དཔྱད་ཞིབ་འཇུག་གི་བྱ་ཐབས་བེད་སྤྱོད་ཡག་པོ་གཏོང་བ། གནད་དོན་ལ་ཞིབ་ལྟ་བྱེད་པའི་འགག་རྩ་ཁོང་དུ་ཆུད་པ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཅི་ལིན་ཁྲིམས་ཁང་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐོག་གང་ལེགས་མངོན་པ་དང་། དག་ཐེར་བཅོས་སྐྱོང་ལས་དོན་ཀུན་ལ་ཁྱབ་པ་དང་། འབེན་ཡོད་སར་མདའ་འཕེན་པ། དོན་འཁྱོལ་ཞིབ་ཕྲ་ཡོང་བ། བདེན་པ་བདེན་ཐུབ་ཡོང་བ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོ་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་ཐོག ཏང་ཡོངས་ཀྱིས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་འགོ་འཛུགས་ས་གསར་པར་བརྩིས་ཏེ་ཏང་གི་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་