ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

2020-01-10 14:31:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གྲོས་ཚོགས་སྤྱི་ཚེས་9ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུའི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ནས་གོ་བ་ཡག་པོ་ལེན་ཐོག འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་གཉིས་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་པ་དང་། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་ཁོངས་མིའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཝང་ཡང་གིས་འདས་ཟིན་པའི་ལོ་གཅིག་རིང་གི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ལས་ཀའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ཁྲོད་གནས་པའི་ལམ་ལུགས་ཀྱི་མངོན་གསལ་དོད་པའི་བཟང་ཆ་སྔོག་འདོན་གཏིང་ཟབ་བྱེད་དགོས་པ་དང་། རྒྱུན་འཁྱོངས་དང་བརྟན་དུ་གཏོང་དགོས་པ་ག་རེ་ཡིན་པ་དང་། འཐུས་ཚང་དང་གོང་འཕེལ་གཏོང་དགོས་པ་ག་རེ་ཡིན་པ་གསལ་པོ་ཧ་གོ་བ་བྱས་ཏེ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་གྲུབ་པ་བྱ་རྒྱུར་དམིགས་ནས་སེམས་ཤུགས་གཅིག་སྒྲིལ་བྱེད་དགོས་པ་དང་། ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་བྱེད་པའི་གནད་འཕིགས་དབུལ་སྐྱོར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་གཙོ་ཏང་ཤོག་ཁག་གིས་མུ་མཐུད་དབུ་་གྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། ཏང་ཕྱིའི་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་ཡག་པོ་བཤད་པ་དང་དྲང་ནུས་རྒྱུད་སྤེལ་བྱེད་དགོས། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། རྨང་གཞི་འདིང་བ་དང་། གཞི་རྩར་དོ་དམ། ཕུགས་ལ་ཕན་པ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་པ། ཉེན་ཁ་ཆེན་པོ་དོགས་ཟོན་དང་དེ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། དམངས་གཉེར་དཔལ་འབྱོར་དང་། ཏང་ཕྱིའི་ཤེས་ལྡན་མི་སྣ། སྤྱི་ཚོགས་ཀྱི་བང་རིམ་གསར་པའི་མི་སྣ། རྒྱལ་ཁོངས་ཕྱིའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་བཅས་ཀྱི་བྱ་ལུགས་བྱེད་ཐབས་གསར་གཏོད་བྱེད་དགོས་པ་དང་། ཏང་ཕྱིའི་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྒྲིལ་དེ་བས་ཡག་པ་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་གནས་བབ་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་བརྟན་དུ་བཏང་ནས། ཏང་ཡོངས་ཀྱིས་ཐུན་མོང་ཐོག་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྒྲུབ་པའི་མཉམ་ཤུགས་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་དང་། ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གྲོས་ཚོགས་སྤྱི་ཚེས་9ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་