ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2020-01-09 16:15:00     责编:sangjzm

སྤྱི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་སྲིད་གཞུང་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱིས་དམངས་གཉེར་ཁེ་ལས་འབྲིང་ཆུང་གི་མ་དངུལ་ཆད་འགྱང་བྱས་པའི་གནད་དོན་གཙང་སེལ་བྱེད་པའི་ལས་དོན་ཐད་བཀོད་སྒྲིག་གནང་བ་དང་། དེར་དམ་འཛིན་མཐའ་ཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། དཔྱིད་གསར་དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བ་དང་གཞི་རྩའི་དམངས་འཚོའི་འགན་སྲུང་ལས་དོན་ཐད་བཀོད་སྒྲིག་གནང་ཡོད།

གྲོས་ཚོགས་ཐོག དམངས་གཉེར་ཁེ་ལས་འབྲིང་ཆུང་ལ་མ་དངུལ་ཆད་འགྱང་བྱས་པའི་གནད་དོན་གཙང་སེལ་བྱ་རྒྱུ་དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། དེ་ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར། ཁྲོམ་རའི་སྔོན་དཔག་བཅས་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། སྲིད་གཞུང་གི་སྤྱི་པའི་ཡིད་ཆེས་བྱེད་ཤུགས་དང་འབྲེལ་བ་ཡོད་པ་ཞིག་རེད། དུས་མཚུངས། མ་དངུལ་ཆད་འགྱང་བྱས་པ་དེས་གླ་ཕོག་ཐད་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་ལ། ལྷག་པར་དུ་ཞིང་པ་ལས་མིར་གླ་ཕོག་སྤྲོད་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། གཅིག་ནས་དཔྱིད་གསར་དུས་ཆེན་གོང་དུ་གཅིག་སྡུད་ཐོག་གཙང་སེལ་བྱེད་དགོས་ལ། གཉིས་ནས་མ་དངུལ་ཆད་འགྱང་བྱ་རྒྱུར་སྔོན་འགོག་བྱེད་པའི་ཡུན་ཕན་སྒྲིག་གཞི་འཛུགས་དགོས། ལོ་གཅིག་ལྷག་རིང་། ས་གནས་ཁག་དང་ཚན་པ་ཁག་གིས་གཙང་སེལ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རྒྱལ་ཡོངས་ནས་སྲིད་གཞུང་ཚན་པ་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་ཀྱིས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་ལ་ཆད་འགྱང་བྱས་པའི་མ་དངུལ་སྒོར་དུང་ཕྱུར་8900ལྷག་ཙམ་ཞིག་ཤེས་རྟོགས་ཐུབ་པའི་ནང་ནས་སྤྱི་ལོ་2019ལོའི་ལོ་མཇུག་བར་སླེབས་དུས་བརྒྱ་ཆ་75ཙམ་ཞིག་གཙང་སེལ་བྱས་ཟིན་ཡོད། དེ་ནི་ལོ་དེར་ཆད་འགྱང་བྱས་པའི་མ་དངུལ་གྱི་ཕྱེད་ཀ་ཡན་གཙང་སེལ་བྱེད་པའི་དམིགས་འབེན་ལས་བརྒལ་ཡོད་པ་རེད། གཙང་སེལ་ལས་དོན་ལ་ངེས་པར་དུ་དམ་འཛིན་མཐའ་ཅིག་ཏུ་བྱས་ཏེ་སྤྱི་ལོ་2020ལོའི་ལོ་མཇུག་གོང་འགལ་ཟླ་མེད་པའི་ཆད་འགྱང་མ་དངུལ་རྣམས་གཙང་སེལ་ག་ཚོད་བཟོ་ཐུབ་ཐུབ་དང་། འགལ་ཟླ་ཡོད་པ་རྣམས་གང་མགྱོགས་ཐག་གཅོད་ཐུབ་པ་བྱས་ནས་མ་དངུལ་གསར་པ་ཆད་འགྱང་མི་བྱེད་པ་བྱེད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག གཅིག་ནས། ས་གནས་ཁག་དང་ཚན་པ་ཁག་གིས་འགལ་ཟླ་མེད་པའི་ཆད་འགྱང་མ་དངུལ་རྣམས་ལ་གཙང་སེལ་འཆར་གཞི་བཟོ་དགོས་པ་དང་། གསར་དུ་ཤེས་རྟོགས་ཐུབ་པའི་ཆད་འགྱང་མ་དངུལ་སྙན་སེང་མ་ཞུས་པའམ་ཡང་ན་སྙན་སེང་ཞུ་འཕྲོས་ལུས་པ་སོགས་རྩིས་ཁྲའི་ནང་བཅུག་ནས་མཉམ་དུ་ཐག་གཅོད་བྱེད་དགོས། ཞིང་ཆེན་སྲིད་གཞུང་གིས་གཙང་སེལ་ལས་འགན་ལེགས་གྲུབ་མི་ཐུབ་པའི་གྲོང་ཁྱེར་དང་རྫོང་ལ་གཅིག་གྱུར་ཐོག་ཐག་གཅོད་ཇུས་གཞི་གདིང་རོགས་བྱེད་དགོས་པ་དང་། གཞུང་ཁོངས་ཁེ་ལས་ཀྱིས་ཁོངས་གཏོགས་ཁེ་ལས་ལ་བྱ་ཐབས་བཟུང་རོགས་བྱས་ཏེ་གཙང་སེལ་ལས་འགན་ལེགས་གྲུབ་ཡོང་བ་བྱེད་དགོས། གཉིས་ནས། ཆད་འགྱང་མ་དངུལ་གཙང་སེལ་དང་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱང་བྱེད་པའི་གནད་དོན་རྩ་བཅོས་བྱེད་པའི་བར་མཐུན་སྦྱོར་མཉམ་འགུལ་སྒྲིག་གཞི་བཙུགས་ཏེ་ཆད་འགྱང་མ་དངུལ་གཙང་སེལ་བྱེད་དུས་སྔོན་ལ་ཞིང་པ་ལས་མིའི་གླ་ཕོག་གཙང་མ་བཟོ་དགོས། སླད་ཕྱིན། རིགས་ཁག་གི་རྣམ་གྲངས་འཛུགས་སྐྲུན་བྱེད་དུས་ཞིང་པ་ལས་མིར་གླ་ཕོག་སྤྲོད་པའི་མ་དངུལ་འདང་ངེས་བཞིན་འཇོག་དགོས་པ་མ་ཟད་དུས་ཐོག་ཏུ་གཤམ་སྤྲོད་བྱེད་དགོས། རིམ་ཁག་སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་བྱ་གཞག་ཚན་པས་རྒྱུ་རྐྱེན་གང་རུང་ལ་བརྟེན་ནས་ཞིང་པ་ལས་མིའི་གླ་ཕོགས་ཆད་འགྱང་བྱེད་མི་ཆོག གསུམ་ནས། གཙང་སེལ་གཅིག་ཀྱང་མི་ཐུབ་པ་དང་། གཙང་སེལ་བྱེད་འགོར་བའི་རིགས་ལ་བརྡ་ཁྱབ་གཏོང་བ་དང་ཆད་པ་གཅོད་དགོས། སྙན་སེང་མ་ཞུས་པ་དང་སྙན་སེང་ཞུ་འཕྲོས་ལུས་པ། རྐང་བཙུགས་ནས་ཆད་འགྱང་བྱེད་པ་སོགས་ཀྱི་ཐད་ཞིབ་བཤེར་ཐག་གཅོད་དང་འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། གཙང་སེལ་ལས་འགན་ལེགས་གྲུབ་མི་ཐུབ་པའི་ས་གནས་ལ། ཞིང་ཆེན་རིམ་པའི་སྲིད་གཞུང་གི་འབྲེལ་ཡོད་ཚན་པ་དང་། གྲོང་ཁྱེར་དང་རྫོང་དང་གང་དེའི་འབྲེལ་ཡོད་ཚན་པས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་གཏོང་བ་དང་། གཞུང་དོན་ཕྱིར་སྐྱོད་ཚད་གཞི་དམའ་རུ་གཏོང་བ། ཕོགས་སྣོན་དང་ཁ་གསབ་རོགས་དངུལ་ཚོད་འཛིན་བྱེད་པ་སོགས་ཀྱི་ཐད་བཀག་སྡོམ་བྱ་ཐབས་བཟུང་དགོས། བཞི་ནས། གཞུང་ཁོངས་ཁེ་ལས་ཀྱིས་དུས་ཐོག་ཏུ་མ་དངུལ་ཚབ་མཇལ་བྱ་རྒྱུར་ལྟ་སྐུལ་བྱེད་དགོས་པ་དང་། སྤྲོད་དགོས་པའི་རྩིས་དངུལ་ཚོད་འཛིན་དང་ཆད་འགྱང་གཙང་སེལ་བྱ་རྒྱུ་དཔྱད་དཔོག་ནང་འཇུག་དགོས། ལྔ་ནས། ཁེ་ལས་འབྲིང་ཆུང་ལ་དུས་ཐོག་ཏུ་མ་དངུལ་སྤྲོད་པའི་འབྲེལ་ཡོད་ཁྲིམས་སྲོལ་བཟོ་དགོས། རིམ་ཁག་སྲིད་གཞུང་གིས་གྲོན་ཆུང་གི་འཚོ་བ་བསྐྱལ་ནས་ཡོང་སྒོར་བསྟུན་ཏེ་འགྲོ་སོང་གཏོང་དགོས། སྲིད་གཞུང་གི་རྣམ་གྲངས་ཐད་མ་དངུལ་གྱི་ཡོངས་ཁུངས་མེད་པ་རྣམས་ལ་ཞིབ་མཆན་འགོད་མི་ཆོག་པ་དང་། སྔོན་རྩིས་མེད་པའི་རྣམ་གྲངས་ལག་བསྟར་བྱེད་པ་དང་། ཁེ་ལས་ཀྱིས་སྔོན་ལ་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་བཅས་ཀྱི་གཏན་འབེབས་གནང་ཡོད།

གྲོས་ཚོགས་ཐོག དཔྱིད་གསར་དུས་ཆེན་ཤར་ལ་ཉེ་བས། ས་གནས་ཁག་དང་ཚན་པ་ཁག་གིས་སྣ་མང་བྱ་ཐབས་མཉམ་བཟུང་དང་གཅིག་གྱུར་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་གྱིས་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་གྱིས་མི་དམངས་མང་ཚོགས་རྣམས་ནས་བདེ་སྐྱིད་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གྲོས་ཚོགས་ཐོག་ད་དུང་དེ་མིན་གྱི་དོན་ཚན་ཐད་ཞིབ་འཇུག་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཚེས་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་སྲིད་གཞུང་ཚན་པ་དང་གཞུང་ཁོངས་ཁེ་ལས་ཀྱིས་དམངས་གཉེར་ཁེ་ལས་འབྲིང་ཆུང་གི་མ་དངུལ་ཆད་འགྱང་བྱས་པའི་གནད་དོན་གཙང་སེལ་བྱེད་པའི་ལས་དོན་ཐད་བཀོད་སྒྲིག་གནང་བ་དང་། དེར་དམ་འཛིན་མཐའ་ཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཞིང་། དཔྱིད་གསར་དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་