ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་བྱས་པ།

2020-01-08 17:42:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ་2020ལོའི་ཟླ་5པའི་ཚེས་1ཉིན་ནས་བཟུང་གང་དེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་7ཉིན་སྲིད་ཇུས་ཟུར་གསལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཁྲིམས་འཛིན་པུའི་འབྲེལ་ཡོད་འགན་ཁུར་མི་སྣས་སྲོལ་ཡིག་གི་འབྲེལ་ཡོད་ནང་དོན་ལ་གསལ་འགྲེལ་གནང་ཡོད།

སྲིད་ཇུས་ཟུར་གསལ་ཚོགས་འདུའི་ཐོག མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཀྲང་དབྱི་ཆོན་གྱིས་དབྱེ་ཞིབ་གནང་ནས། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་སྲུང་བྱེད་པའི་སྲོལ་ཡིག་གིས། ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཐོ་དང་། འགན་གཙང་ཚན་པ་ཨ་མས་ཚབ་སྤྲོད་བྱེད་པ། ལས་མིའི་དངོས་མིང་ལམ་ལུགས། གླ་ཆ་འགན་སྲུང་མ་དངུལ་སོགས་ཚུད་པའི་ལག་ལེན་ཁྲོད་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་པའི་གནད་དོན་གོ་ཆོད་ནུས་ཡོད་ཀྱི་སྒོ་ནས་བཅོས་སྒྲིག་བྱེད་པའི་བྱ་ཐབས་ཁག་ཁྲིམས་ལུགས་ཀྱི་ཚད་གཞིར་གྱུར་བ་དང་ཆབས་ཅིག འབྲེལ་ཡོད་ཀྱི་སྒྲིག་གཞི་འཛུགས་པ་བརྒྱུད། བྱེད་པོའི་འགན་འཁྲི་དང་། ཁོངས་གཏོགས་ས་ཆའི་འགན་འཁྲི། ལྟ་སྐུལ་དོ་དམ་འགན་འཁྲི་བཅས་ནན་མོ་བཟོ་དགོས་ཞེས་གསུངས།

སྲོལ་ཡིག་ནང་། ཞིང་པ་ལས་མིའི་གླ་ཆར་ཆེད་སྤྱོད་རྩིས་ཐོའི་དོ་དམ་ལམ་ལུགས་བཟོ་བ་དང་། འཛུགས་སྐྲུན་ཚན་པས་ལས་མིའི་འགྲོ་གྲོན་དང་ལས་གྲྭའི་དངུལ་ཚན་གཞན་དག་རྩིས་ཐོ་ལོགས་དབྱེ་བྱས་ནས་དོ་དམ་བྱས་ཏེ། དུས་ཐོག་ཏུ་ཞིང་པ་ལས་མིའི་གླ་ཆའི་ཆེད་སྤྱོད་རྩིས་ཐོའི་ནང་ཁག་དབྱེ་བྱས་ནས་གཏོང་སྤྲོད་བྱ་རྒྱུ་དང་། གཏོང་སྤྲོད་དུས་ཡུན་ཟླ་བ་གཅིག་ལས་མི་བརྒལ་བ་བྱ་དགོས་པའི་གཏན་འབེབས་བྱས་ཡོད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ངལ་རྩོལ་འགན་སྲུང་ལྟ་སྐུལ་ཞིབ་བཤེར་ཅུད་ཀྱི་ཅུད་ཀྲང་ཝང་གྲེང་གིས་དབྱེ་ཞིབ་གནང་ནས། འཛུགས་སྐྲུན་ཚན་པས་འབྱུང་རྩ་ནས་ལས་མིའི་འགྲོ་གྲོན་ལས་གྲྭའི་དངུལ་ཚན་ཁྲོད་ནས་ལོགས་སུ་འདོན་པ་བརྒྱུད། ལས་མིའི་གླ་ཆ་སྔོན་ལ་གཏོང་སྤྲོད་ཐུབ་རྒྱུར་འགན་སྲུང་བྱས་ཏེ། ལས་མིའི་འགྲོ་གྲོན་དང་། རྒྱུ་ཆའི་འགྲོ་གྲོན། དོ་དམ་འགྲོ་གྲོན་སོགས་མ་དངུལ་མཉམ་བསྲེས་དང་བཙན་སྤྱོད་བྱ་རྒྱུ་བཀག་འགོག་བྱ་དགོས་ཞེས་གསུངས།

ལས་མིའི་དངོས་མིང་ལམ་ལུགས་ནི་ཆེད་སྤྱོད་རྩིས་ཐོའི་ལམ་ལུགས་དང་། འགན་གཙང་ཚན་པ་ཨ་མས་ཚབ་སྤྲོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་པའི་རྨང་གཞི་ཡིན་ཞིང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་ཁྲིམས་སྲོལ་སིའི་སི་ཀྲང་རུའེ་ལི་ཤིན་གྱིས་དབྱེ་ཞིབ་གནང་ནས། ཞིང་པ་ལས་མི་ཚང་མའི་ཆ་འཕྲིན་གློག་ཀླད་ནང་བླུགས་དགོས། དེ་ལྟར་བྱས་ན་ཡིག་ཐོག་གི་གན་རྒྱ་མེད་ནའང་གློག་ཀླད་མ་ལག་ཁྲོད་ལས་མི་བེད་སྤྱོད་བྱས་པའི་ཟིན་ཐོ་ཡོད་པས། གནད་དོན་དེ་ཐག་གཅོད་བྱེད་བདེ་པོ་ཡོད་ཅེས་གསུངས།

སྲོལ་ཡིག་ནང་། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱ་སྤྱོད་ཀྱི་ཁྲིམས་ལུགས་འགན་འཁྲི་ཁ་གསལ་བཟོས་ནས། མི་སྤྱོད་ཚན་པའི་བྱེད་པོའི་འགན་འཁྲིར་སྐུལ་འདེད་བཏང་ཡོད། ཁྲིམས་འཛིན་པུའི་ཁྲིམས་འཛུགས་ཅུད་གསུམ་པའི་ཅུད་ཀྲང་ཝང་ཀྲེན་ཅང་གིས་དབྱེ་ཞིབ་གནང་ནས། གཏན་འབེབས་ལས་འགལ་ནས་ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་བྱེད་རིགས་ལ་འབྲེལ་ཡོད་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྲིད་འཛིན་ཚན་པས་དུས་བཀག་ལྟར་གཏོང་སྤྲོད་བྱ་རྒྱུ་དང་། དུས་ཚོད་ཡོལ་ནས་གཏོང་སྤྲོད་མ་བྱས་པར། ངལ་རྩོལ་མི་སྣར་གཏོང་སྤྲོད་དངུལ་གྲངས་ཀྱི་བརྒྱ་ཆ་50ཡན་དང་བརྒྱ་ཆ་100མན་གྱི་གྱོང་གུན་ཁ་གསབ་དངུལ་འཇལ་དགོས། ངལ་རྩོལ་ཐོབ་ཆ་གཏོང་སྤྲོད་མ་བྱས་པའི་ཉེས་དོན་བསགས་རིགས། ཁྲིམས་འཛིན་སྡེ་ཚན་ལ་སྤོ་སྐྱེལ་བྱས་ནས་ཉེས་དོན་འགན་འཁྲི་རྩད་འཚོལ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་བྱས་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱེད་པའི་སྲོལ་ཡིག་ཅེས་པ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ་2020ལོའི་ཟླ་5པའི་ཚེས་1ཉིན་ནས་བཟུང་གང་དེ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་7ཉིན་སྲིད་ཇུས་ཟུར་གསལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་།