ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།

2020-01-08 17:31:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་དེ་སྤྱི་ཚེས་6ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཧན་ཀྲེང་གིས། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས་ཀྱི་རྒྱལ་ཚུལ་དང་རྒྱལ་ཤུགས་ལ་བརྟག་དཔྱད་བྱེད་ཐེངས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་ཀྲུང་དབྱང་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དམིགས་འབེན་ལས་འགན་ཁ་གསལ་བཟོ་བ་དང་། རང་རྒྱལ་གྱི་མི་འབོར་གྱི་གྲངས་འབོར་དང་། གྲུབ་ཆ། ཁྱབ་ཚུལ། གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པ། མི་འབོར་འགྱུར་ལྡོག་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་ཡང་དག་མངོན་པ་བཅས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་བཟོ་རྒྱུ་དང་། མི་འབོར་གོང་འཕེལ་གྱི་འཐབ་ཇུས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། མིའི་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་ཚན་རིག་དང་མཐུན་པ་དང་ཡང་དག་པའི་བསྡོམས་རྩིས་ཀྱི་ཆ་འཕྲིན་རྒྱབ་སྐྱོར་བྱེད་དགོས་ཞེས་བསྟན་གནང་ཡོད།

ཧན་ཀྲེང་གིས། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། རིམ་ཁག་ཡོངས་བཤེར་ལས་ཁུངས་གང་མགྱོགས་སྒྲིག་འཛུགས་བྱས་ནས། ལས་ཁུངས་ཀྱི་མི་སྣ་དུས་ཐོག་ཏུ་དམིགས་སར་འབྱོར་རྒྱུར་འགན་ལེན་བྱེད་དགོས་པ་དང་། ཡོངས་བཤེར་གྱི་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཡོངས་བཤེར་གྱི་རྒྱུད་རིམ་ཡོངས་དང་ལྷུ་ཚིགས་ཁག་གི་བྱ་སྤྱོད་ཚད་ལྡན་ཡོང་བ་བྱེད་དགོས། ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་ལས་དོན་པ་ནན་ཏན་ངང་བདམས་ནས། ཡོངས་བཤེར་མི་སྣས་ཡོངས་བཤེར་གྱི་བླང་བྱ་ཁག་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། གློག་རྡུལ་ཅན་གྱི་འཚོལ་བསྡུར་སྐུལ་འདེད་ཧུར་ཐག་བཏང་ནས། གྲངས་འཛིན་འཚོལ་བསྡུའི་ལས་ཆོད་དང་གྲངས་འཛིན་སྤུས་ཚད་མཐོ་རུ་གཏོང་དགོས། ཡོངས་བཤེར་གྲངས་འཛིན་གྱི་སྤུས་ཚད་ཁུངས་འདེད་དང་འགན་འཁྲི་རྩད་གཅོད་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། ཡོངས་བཤེར་གྱི་གྲངས་གཞི་ཞིབ་དཔྱད་ཆོག་པ་དང་། ཁུངས་འདེད་ཆོག་པ། འགན་འཁྲི་རྩད་གཅོད་ཆོག་པ་བཅས་ཡོང་བ་བྱེད་དགོས་པ་དང་། ཡོངས་བཤེར་གྲངས་གཞི་དྲང་བཞག་ཡིན་པ་དང་ཡང་དག་ཡིན་པའི་འགན་ལེན་བྱེད་དགོས། རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ཏེ། མི་འབོར་ཡོངས་བཤེར་བྱ་རྒྱུ་དེ་ཁྱིམ་ཚང་ཚང་མས་ཧ་གོ་བ་དང་མི་ཚང་མའི་རྒྱབ་སྐྱོར་ཐོབ་པ་བྱེད་དགོས། ས་གནས་ཁག་དང་ཚན་པ་ཁག་གིས་སྒྲིག་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གྲོན་དངུལ་གྱི་འགན་ལེན་ཐུབ་པ་བྱེད་པ། ལས་ཀའི་འགན་འཁྲི་ནན་པོ་བཟོ་བ་བཅས་བྱས་ནས། མི་འབོར་ཡོངས་བཤེར་ལས་དོན་བདེ་བླག་ངང་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་ཡོངས་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། ཡོངས་བཤེར་བྱ་ཡུལ་གྱི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ནན་པོ་བྱེད་པ་དང་། ཡོངས་བཤེར་ལ་ཐེ་གཏོགས་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཡོངས་བཤེར་བྱ་ཡུལ་གྱིས་ཁྲིམས་ལྟར་ཡོངས་བཤེར་འོས་འགན་འཁུར་དགོས་པ་དང་། དོན་དངོས་ལྟར་ཡོངས་བཤེར་ཆ་འཕྲིན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཧན་ཀྲེང་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་པ།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་དེ་སྤྱི་ཚེས་6ཉིན་གྱི་ཕྱི་དྲོ་པེ་ཅིང་དུ་འཚོགས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ཐེངས་བདུན་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཧན་ཀྲེང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།