ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གོ་ཕྱོགས་ཀྱིས་དེང་སྐབས་ཀྱི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་ཅེས་བསྟན་པ།

2020-01-08 16:08:00     责编:卓玛才让

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་དེང་སྐབས་ཀྱི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་ཚད་མཐོའི་དོ་ཁུར་བྱེད་པ་དང་། མུ་མཐུད་ཕྱི་རོལ་ཡུལ་དང་མཐུན་ལ་གཞུང་དྲང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་དབུས་ཤར་གྱི་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།

དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དེང་སྐབས་ཨ་རི་དང་དབྱི་རན་གྱི་འགལ་ཟླ་ཚབས་ཆེར་འགྲོ་བཞིན་ཡོད་པ་དང་ཨ་རི་ཕྱོགས་ཀྱིས་གལ་ཏེ་དབྱི་རན་གྱིས་ཨ་རིའི་སྤྱི་དམངས་སམ་ཡང་ན་རྒྱུ་ནོར་གང་ཞིག་ལ་འཇབ་རྒོལ་བྱས་ཚེ་ཨ་རི་ཕྱོགས་ཀྱིས་དབྱི་རན་གྱི་དམིགས་འབེན་ཁག་52ལ་རྡུང་རྡེག་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། དབྱི་རན་ཕྱོགས་ཀྱིས་ཀྱང་ས་ཁུལ་དེར་ཡོད་པའི་ཨ་རིའི་དམིགས་འབེན་35ཚང་མ་ཧ་ལམ་དབྱི་རན་གྱི་རྡུང་རྡེག་གཏོང་བའི་ཁྱབ་ཁོངས་ནང་ཚུད་ཡོད་ཅེས་བརྗོད་ཡོད་པར་ཀྲུང་གོ་ཕྱོགས་ཀྱིས་ད་ལྟའི་དུས་བབ་ལ་ལྟ་སྟངས་ཇི་ལྟར་འཛིན་ནམ་ཞེས་དྲིས་པར།

ཀེང་ཧྲོང་གིས་འཛམ་གླིང་དབུས་ཤར་གྱི་མཚོ་ཁུག་ས་ཁུལ་གྱི་དུས་བབ་དེ་བས་སྡུག་ཏུ་འགྲོ་བ་དེ་མི་སུ་ཞིག་གིས་ཀྱང་མཐོང་འདོད་མེད་པ་ཞིག་རེད། ས་ཁུལ་དེའི་ཞི་བདེ་དང་བརྟན་ལྷིང་འགན་ལེན་བྱ་རྒྱུ་ནི་འཛམ་གླིང་ཡོངས་ཀྱི་ངོས་ནས་ཀྱང་གལ་འགངས་ཆེ་བ་ཞིག་རེད་ཅེས་བརྗོད།
“བཙན་དབང་ཆབ་སྲིད་ནི་མིའི་བློ་ལ་མ་འབབ་པ་ཞིག་ཡིན་ལ་རྒྱུན་སྲིང་བྱེད་མི་ཐུབ”ཅེས་ཀེང་ཧྲོང་གིས་བརྗོད་པ་དང་ཨ་རི་ཕྱོགས་ཀྱི་ཉེ་ཆར་གྱི་ཉེན་ཁར་མི་འཛེམ་པའི་དམག་དོན་བྱེད་སྤྱོད་དེས་རྒྱལ་སྤྱིའི་འབྲེལ་བའི་རྩ་བའི་རྩ་དོན་ལས་འགལ་བས་ས་ཁུལ་གྱི་དུས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་ཡོ་ལང་ཚབས་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་ད་བར་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དྲག་ཤུགས་སྤྱོད་རྒྱུར་ངོ་རྒོལ་བྱེད་པ་དང་དམག་དོན་གྱི་བྱེད་ཐབས་སྤྱད་ཚེ་མདུན་ལམ་མེད་ལ་གནོན་ཤུགས་ཆེན་པོ་སྤྲོད་པའི་བྱེད་སྤྱོད་ནི་ལག་ལེན་དུ་འཁྱོལ་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད།

ཀེང་ཧྲོང་གིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དགོངས་དོན་དང་རྩ་དོན་དང་དེ་བཞིན་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལ་བརྩི་སྲུང་ཏན་ཏིག་ཞུ་དགོས་པ་དང་རྒྱལ་ཁབ་ཁག་གི་བདག་དབང་རང་བཙན་དང་མངའ་ཁོངས་ཆ་ཚང་ལ་བརྩི་འཇོག་བྱེད་དགོས་ལ་འཛམ་གླིང་དབུས་ཤར་གྱི་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་ཐོབ་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ཁོང་གིས་ཨ་རི་ཕྱོགས་ལ་དྲག་ཤུགས་གང་བྱུང་དུ་མི་སྤྱོད་རྒྱུའི་ལྕག་སྐུལ་བྱས་པ་དང་འབྲེལ་ཡོད་ཕྱོགས་ཁག་གིས་བཟོད་སྒོམ་བྱས་ཏེ་གནས་ཚུལ་ཡང་ཡང་ཐོན་པ་དང་ཚབས་ཇེ་ཆེར་འགྲོ་རྒྱུ་བཀག་འགོག་བྱས་ནས་སྐད་ཆ་ཤོད་རེས་དང་གྲོས་མོལ་གྱི་བགྲོད་ལམ་ཐོག་གང་མགྱོགས་ཕྱིར་ལོག་བྱས་ཏེ་ཛ་དྲག་ཆེ་བའི་དུས་བབ་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ་རེད།

ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱི་རོལ་ཡུལ་དང་མཐུན་ལ་དྲང་གཞག་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་དབུས་ཤར་གྱི་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན”ཞེས་བརྗོད་པ་རེད།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ཀྲུང་གོ་ཕྱོགས་ཀྱིས་དེང་སྐབས་ཀྱི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་ཅེས་བསྟན་པ།

ཚེས་6ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་དེང་སྐབས་ཀྱི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་དུས་བབ་ལ་ཚད་མཐོའི་དོ་ཁུར་བྱེད་པ་དང་། མུ་མཐུད་ཕྱི་རོལ་ཡུལ་དང་མཐུན་ལ་གཞུང་དྲང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་དབུས་ཤར་གྱི་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།