ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

2019ལོར་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ13%འཕར་སྣོན་བྱུང་།

2020-01-08 16:06:00     责编:卓玛才让

གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་གཅིག་པའི་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། 2019ལོར་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོའི་འཕར་ཚད13%ལ་སླེབས་ཏེ་མུ་མཐུད་དུ་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཤིང་། བསྟུད་མར་ལོ17ལ་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ་མངོན་འགྱུར་བྱས། 2019ལོར་བོད་ལྗོངས་ཀྱིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1600ལས་བརྒལ་བ་མངོན་འགྱུར་བྱས་ཏེ9%འཕར་ལ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་གསལ་ཡིན།

ཉེ་བའི་ལོ་འགའི་རིང་ལ། ཏང་ཀྲུང་དབྱང་གི་ཐུགས་འཁུར་དང་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་རྣམ་པའི་འཕེལ་རྒྱས་མངོན་འགྱུར་བྱས། རོང་འབྲོག་པ་བོད་ལྗོངས་ཀྱི་མི་འབོར་སྤྱིའི་བརྒྱ་ཆའི་བདུན་ཟིན་ལ། རོང་འབྲོག་པའི་ཡོང་སྒོ་མགྱོགས་མྱུང་ངང་འཕར་སྣོན་བྱུང་བར་བོད་ལྗོངས་ཀྱིས་དབུལ་ཕོངས་རྣམ་པ་ཕལ་ཆེར་མེད་པར་བཟོ་བར་རྨང་གཞི་ལེགས་པོ་བཏང་། འབྲི་དང་ནས། གཏེར་ཆུ། མི་རིགས་ལག་རྩལ་ལས་རིགས་སོགས་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་དང་དབུལ་སྐྱོར་ཐོན་ལས་འཛུགས་སྐྲུན་བྱེད་པ་དང་ཆགས་ཅིག ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་བབ་དང་བསྟུན་པར་རྫོང་རེར་ཐོན་རྫས་རེ་དང་ཞིང་སྡེ་རེར་མཉམ་ལས་ཁང་རེ་འཛུགས་སྐྲུན་བྱས་ནས། འདེབས་འཛུགས་ལས་རིགས་དང་། གསོ་སྤེལ་ལས་རིགས ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས། མི་རིགས་ལག་རྩལ་ལས་རིགས་སོགས་ཐོན་ལས་འཛུགས་སྐྲུན་ཐད་ཕན་འབྲས་ཐོག་མ་བླངས་ཡོད་ཅིང་། ཐོན་ལས་འཕེལ་རྒྱས་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བའི་ཡོང་ཁུངས་གཙོ་བོ་རུ་གྱུར་ཡོད།

སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་དང་ཁ་གསབ་ལ་འཕར་སྣོན་ཆེན་པོ་བྱུང་བ་ལས་གཞན་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས《བོད་རང་སྐྱོང་ལྗོངས་ཀྱི2019-2020ལོའི་རོང་འབྲོག་པའི་གསོ་སྦྱོང་དང་ལས་ཞུགས་སྤོ་སྒྱུར་བྱ་བའི་ཇུས་གཞི》ལག་བསྟར་བྱས་ཏེ། ངལ་ལས་བར་ཁེ་བ་དང་ཞོར་ལས་མཉམ་འབྲེལ་རུ་ཁག་འཕེལ་རྒྱས་སུ་བཏང་སྟེ། རོང་འབྲོག་ཁུལ་གྱི་ངལ་རྩོལ་བ་ལྷག་མ་སྤོ་སྒྱུར་བྱས་པར་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ཚད་གཞི་སྔར་ལས་ཇེ་མཐོར་སོང་ནས། རོང་འབྲོག་པ་མི་ཁྲི57.1ཡི་ལས་ཞུགས་སྤོ་སྒྱུར་མངོན་འགྱུར་བྱས་པ་དང་ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར34.8སྐྲུན་ཡོད་པ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

2019ལོར་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ13%འཕར་སྣོན་བྱུང་།

2019ལོར་བོད་ལྗོངས་ཀྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོའི་འཕར་ཚད13%ལ་སླེབས་ཏེ་མུ་མཐུད་དུ་རྒྱལ་ཡོངས་ཀྱི་ཨང་དང་པོ་རྒྱུན་འཁྱོངས་བྱས་ཤིང་། བསྟུད་མར་ལོ17ལ་གྲངས་གནས་གཉིས་ཀྱི་འཕར་སྣོན་བྱུང་བ་མངོན་འགྱུར་བྱས། 2019ལོར་བོད་ལྗོངས་ཀྱིས་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར1600ལས་བརྒལ་བ་མངོན་འགྱུར་བྱས་ཏེ9%འཕར་ལ།