ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧྥ་རན་སི་དང་། ལྗར་མན། དབྱིན་ཇི་བཅས་ཀྱིས་ཡོ་རོབ་རྒྱལ་ཁབ་དྲུག་དབྱི་རན་བར་གྱི་ཉོ་ཚོང་གི་མཇུག་རྩིས་སྒྲིག་གཞིའི་ནང་ཞུགས་པར་དགའ་བསུ་ཞུས་པ།

2019-12-02 10:30:00     责编:卓玛才让

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས། ཧྥ་རན་སི་དང་། ལྗར་མན། དབྱིན་ཇི་བཅས་ནས་པེར་ཀྲེམ་སོགས་ཡོ་རོབ་རྒྱལ་ཁབ་དྲུག་དབྱི་རན་བར་གྱི་ཉོ་ཚོང་གི་མཇུག་རྩིས་སྒྲིག་གཞིའི་ནང་ཞུགས་ནས་ཡོ་རོབ་གླིང་དང་དབྱི་རན་གྱི་ཁྲིམས་མཐུན་ཉོ་ཚོང་ལ་སྲུང་སྐྱོབ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག གསལ་བསྒྲགས་ནང་། དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ཀྱི་སྒྲོམ་གཞིའི་འོག་རྩོད་རྙོག་ཐག་གཅོད་སྒྲིག་གཞི་ཚུད་པའི་འབད་བརྩོན་མཐའ་མུ་མཐུད་བྱ་རྒྱུ་དང་། མུ་མཐུད་ཕྱི་འབྲེལ་བྱ་ཐབས་བརྒྱུད་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཧྥ་རན་སི་དང་། ལྗར་མན། དབྱིན་ཇི་བཅས་ཀྱིས་ཡོ་རོབ་རྒྱལ་ཁབ་དྲུག་དབྱི་རན་བར་གྱི་ཉོ་ཚོང་གི་མཇུག་རྩིས་སྒྲིག་གཞིའི་ནང་ཞུགས་པར་དགའ་བསུ་ཞུས་པ།

ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་སྤྱི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས། ཧྥ་རན་སི་དང་། ལྗར་མན། དབྱིན་ཇི་བཅས་ནས་པེར་ཀྲེམ་སོགས་ཡོ་རོབ་རྒྱལ་ཁབ་དྲུག་དབྱི་རན་བར་གྱི་ཉོ་ཚོང་གི་མཇུག་རྩིས་སྒྲིག་གཞིའི་ནང་ཞུགས་ནས་ཡོ་རོབ་གླིང་དང་དབྱི་རན་གྱི་ཁྲིམས་མཐུན་ཉོ་ཚོང་ལ་སྲུང་སྐྱོབ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་འཁོད་འདུག