ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཤང་ཀང་སྤྱི་ཚོགས་ལས་རིགས་ཁག་གིས་ཨ་རིས་ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་ཞེར་པར་མིང་རྟགས་བཀོད་ནས་ཁྲིམས་ལ་བསྒྱུར་བ་དེས་ཤང་ཀང་གྲོང་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་ངོས་འཛིན་བྱས་པ།

2019-12-02 10:27:00     责编:卓玛才让

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཤང་ཀང་སྤྱི་ཚོགས་ལས་རིགས་ཁག་གིས་ཨ་རིས་“ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་”ཞེས་པར་མིང་རྟགས་བཀོད་དེ་ཁྲིམས་ལ་བསྒྱུར་བ་དེ་ནི་མངོན་སུམ་འཛེམ་མེད་ངང་གཏུམ་སྤྱོད་ཀྱི་མིག་གདངས་ནས་ཤང་ཀང་གི་གྲོང་མིའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་འཚེ་ཚབས་ཆེན་བཏང་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

ཤང་ཀང་གི་ཀྲུང་ཧྭ་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་ཚོགས་གཙོ་ལིན་ལུང་ཨན་གྱིས། ཨ་རི་སྲིད་གཞུང་གིས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཐེ་ཇུས་བྱེད་པ་ནི་ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་གོ་སྐབས་ལ་བརྟེན་ནས་ཀྲུང་གོའི་གོང་འཕེལ་གྱི་རྣམ་པར་བཀག་འགོག་བྱས་པ་ཞིག་རེད། ཨ་རིས་“ཤང་ཀང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཁྲིམས་གཞི་”ཟེར་བར་གྲོས་འཆམ་བྱས་པ་རེད། འོན་ཀྱང་དེའི་དམིགས་ཡུལ་ངོ་མ་ནི་ཤང་ཀང་གི་ཁེར་རྐྱང་སྒོ་ཁྲལ་ཁུལ་མེད་པར་བཟོ་རྒྱུ་དེ་རེད། ཤང་ཀང་གི་འཛམ་གླིང་ཉོ་ཚོང་ལྟེ་གནས་དང་། འཛམ་གླིང་གི་དངུལ་རྩའི་ལྟེ་གནས། འཛམ་གླིང་གི་མཚོ་ཐོག་སྐྱེལ་འདྲེན་ལྟེ་གནས་བཅས་ཀྱི་བཟང་ཆར་གཏོར་བཤིག་བཏང་མོད། ཤང་ཀང་དུ་ཡོད་པའི་ཨ་རིའི་ཀུང་སིའི་ཁེ་ཕན་ལ་ཐད་ཀར་གནོད་འཚེ་བཏང་བ་ཞིག་ཀྱང་རེད། དེ་ནི་དཔེ་མཚོན་རང་བཞིན་གྱི་རྡོ་ཡར་བཀྱགས་ནས་རང་གི་རྐང་པར་གཞུས་པ་ལྟ་བུ་དང་། རང་གཞན་གཉིས་ཀར་གནོད་པ་ཞིག་ཡིན། ཨ་རིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། ཤང་ཀང་གི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས། ཀྲུང་དབྱང་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་བཟུང་སྟེ་སེམས་ཐག་གཙང་བཅད་ཀྱིས་ངོ་རྒོལ་བྱེད་པར་ང་ཚོས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཤང་ཀང་རྒྱའི་སྐད་ཡིག་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལིའུ་ཀྲའོ་ཅ་ཡིས། ཨ་རིས་ཁྲིམས་དོན་གྲོས་གཞི་ཟེར་བ་དེར་གྲོས་འཆམ་བྱས་ནས་ཤང་ཀང་དུ་ཡོད་པའི་ཀྲུང་གོའི་བདག་དབང་ལ་མངོན་སུམ་འཛེམ་མེད་ངང་འཁྲུག་རྐྱེན་སློང་བ་ཞིག་ཡིན་པ་དང་ཨ་རིའི་སྲིད་དོན་མི་སྣས་ཤང་ཀང་གི་རྔམ་སྟོན་ཁྲོམ་སྐོར་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས་ནས་ཤང་ཀང་འདི་ཉིད་ཀྲུང་གོར་བཀག་སྡོམ་བྱེད་པའི་ཐབས་ལམ་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད། འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོ་བ་ཞིག་ཡིན། ཨ་རིས་དེ་ལྟར་བྱས་པའི་དམིགས་ཡུལ་ནི་ཤང་ཀང་དུ་ཟིང་ཆ་བསླངས་བ་བརྒྱུད་དེ་ཀྲུང་གོའི་གོང་འཕེལ་འགོར་དུ་གཏོང་བ་ཞིག་ཡིན་པས་ཀྲུང་གོས་སྔར་ལས་དྲག་པའི་ཡ་ལན་མི་སློག་ཐབས་མེད་ཡིན། ཨ་རིའི་བྱེད་སྟངས་དེར་བསམ་པ་བཞིན་དུ་མཇུག་འབྲས་ཐོབ་མི་སྲིད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有