ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཝང་ཆི་ཧྲན་སྤྱི་ལོ་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

2019-12-02 10:26:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་12ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀོང་ཀྲོའུ་རུ་སྤྱི་ལོ་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཁོང་གིས། ཞི་བདེ་དང་གོང་འཕེལ་ནི་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པ་དང་། ཕྱོགས་མང་རིང་ལུགས་ནི་མིའི་རིགས་ཀྱི་ལྡོག་མེད་གདམ་ག་ཞིག་ཡིན་པ། མཉམ་ལས་རྒྱ་སྐྱེད་དང་ཐུན་མོང་འཕེལ་རྒྱས་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱ་ཁྱབ་རེ་ཞུ་ཞིག་ཡིན་པ་བཅས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་གྱི་ལྟེ་བ་བྱས་པའི་ཕྱོགས་མང་རིང་ལུགས་ཀྱི་ལག་ལེན་དངོས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བའི་ཐད་འགལ་རྐྱེན་ཐོན་པ་དང་། ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། དམངས་འདོད་རིང་ལུགས་བཅས་ཐོན་ནས་རྩ་བའི་ཐོག་ནས་ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་དང་སྒྲིག་ལམ་ལ་ཕོག་ཐུག་བཏང་ཡོད་ཅེས་གསུངས་པ་རེད།

ཁོང་གིས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་བརྟན་སྲུང་དང་། རྒྱལ་སྤྱིའི་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཆིང་ནང་རྒྱ་ཁྱབ་ངང་ཞུགས་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ནན་སྲུང་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོས་རང་འགུལ་ངང་ཁྲོམ་ར་སྒོ་དབྱེ་བྱས་པ་དང་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་གྱི་གྲོས་འགོ་སྟོན་ནས། ཞི་བདེ་གོང་འཕེལ་མཐའ་འཁྱོངས་དང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་སུའི་ཚབ་བྱེད་པ་ཞིག་མིན་ལ། འཛམ་གླིང་ཐོག་རྒྱ་བསྐྱེད་ནས་བཙན་པོ་དབང་ཡོད་ཀྱང་བྱེད་མི་སྲིད་པར། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ཡིན་པས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་ཧྭའི་རིག་གནས་“གནམ་འོག་སྤྱི་སྙོམས་”དང“འཆམ་མཐུན་གནས་ཀྱང་སྟབས་བསྟུན་མི་བྱེད་པའི་”སྲོལ་རྒྱུན་འདུ་ཤེས་ལ་རྩ་བ་ཚུགས་ནས་དུས་རབས་གསར་པའི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཝང་ཆི་ཧྲན་སྤྱི་ལོ་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་12ཚེས་1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཀོང་ཀྲོའུ་རུ་སྤྱི་ལོ་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།