ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་འཆར་འགོད་རྩ་གནད་ཞེས་པ་པར་འགྲེམ་བྱས་པ།

2019-12-02 10:24:00     责编:卓玛才让

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཟླ་༡༢པའི་ཚེས་༡ཉིན་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་འཆར་འགོད་རྩ་གནད་པར་འགྲེམ་བྱས་ཡོད།

འཆར་འགོད་རྩ་གནད་ནང་། སྤྱི་ལོ་2018ལོའི་ཟླ་བ་11པའི་ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་མ་ཟད་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་འཕར་བྱ་རྒྱུ་དང་། གོང་འཕེལ་འདུ་ཤེས་གསར་པ་དོན་འཁྱོལ་ཤུགས་ཆེན་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་པ། འགོ་འཛུགས་ས་དེ་བས་མཐོ་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་བང་རིམ་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་པེ་ཅིང་དང་ཐན་ཅིན་ཧ་པེ་བཅས་མཐུན་སྦྱོར་གོང་འཕེལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ། ཡོས་ཀང་ཨའོ་ཁུག་པ་ཆེན་མོའི་འཛུགས་སྐྲུན་བཅས་ཕན་ཚུན་གཞོགས་འདེགས་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་བར་ཁམས་གནས་སྟངས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་ཡོད། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་གསར་གཏོད་ནུས་པ་དང་འགྲན་རྩོད་ནུས་པ་ཤུགས་ཆེར་གཏོང་བ། དཔལ་འབྱོར་གཅིག་བསྡུས་བྱེད་ཚད་དང་། ས་ཁོངས་འབྲེལ་མཐུད་རང་བཞིན། སྲིད་ཇུས་མཐུན་སྦྱོར་བཅས་ཀྱི་ལས་ཆོད་མཐོ་རུ་གཏོང་བ་དེས། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྣ་ཁྲིད་བྱེད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་རྒྱུའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་ཡོད།

འཆར་འགོད་རྩ་་གནད་འདི་ནི་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་མིག་སྔ་དང་སླད་ཕྱིན་དུས་མཚམས་ཞིག་རིང་གཞི་གཅིག་ཅན་གོང་འཕེལ་ལ་འཛུབ་ཁྲིད་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཡིན་ཞིང་། འབྲེལ་ཡོད་འཆར་འགོད་དང་སྲིད་ཇུས་བཟོ་བའི་གཞི་འཛིན་ས་ཡིན་པ་དང་། གོང་འཕེལ་རྒྱབ་ལྗོངས་དང་། སྤྱིའི་བླང་བྱ། ས་ཁོངས་མཐུན་སྦྱོར་གོང་འཕེལ་གྱི་གནས་སྟངས་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ། མཐུན་སྦྱོར་གསར་གཏོད་དང་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་མཉམ་འབྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་ལ་ཤུགས་སྣོན་རྒྱག་པ། སྤྱི་པའི་ཞབས་ཞུ་སྟབས་བདེ་དང་མཉམ་སྤྱོད་བྱེད་མགྱོགས་སུ་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་མཐུན་སྦྱོར་སྒོ་དབྱེར་སྐུལ་འདེད་གཏོང་བ། གཞི་གཅིག་ཅན་གོང་འཕེལ་གྱི་སྒྲིག་གཞི་གསར་གཏོད་བྱེད་པ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་སྐྱེ་ཁམས་གནོད་མེད་གཞི་གཅིག་ཅན་གོང་འཕེལ་གྱི་དཔེ་སྟོན་ཁུལ་ཆུ་ཚད་མཐོ་བའི་འཛུགས་སྐྲུན་བྱེད་པ། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཡུག་འབྲེལ་ཁུལ་གསར་པ་ཚད་གཞི་མཐོ་བའི་འཛུགས་སྐྲུན་བྱེད་པ། འཆར་འགོད་ལག་བསྟར་ལ་སྐུལ་འདེད་གཏོང་བ་སོགས་དོན་ཚན་བཅུ་གཉིས་ཡོད་པ་རེད། འཆར་འགོད་དུས་བཀག་སྤྱི་ལོ་2025ལོའི་བར་ཡིན་པ་དང་། སྤྱི་ལོ་2035ལོའི་བར་རྒྱང་ལྟ་བྱས་ཡོད།

འབྲི་ཆུའི་ཟུར་གསུམ་ས་ཁོངས་གཞི་གཅིག་ཅན་གྱི་གོང་འཕེལ་འཆར་འགོད་ཁྱབ་ཁོངས་ནང་ཧྲང་ཧའེ་གྲོང་ཁྱེར་དང་། ཅང་སུའུ་ཞིང་ཆེན། ཀྲེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན་བཅས་ཀྱི་ས་ཆ་ཡོངས་ཚུད་ཡོད། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་ནི་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ཆེས་འཁྲུག་ཤོས་དང་། སྒོ་དབྱེའི་ཚད་གཞི་མཐོ་ཤོས། གསར་གཏོད་ནུས་པ་ཆེ་ཤོས་བཅས་ཀྱི་ས་ཁོངས་གྲས་ཞིག་ཡིན་པ་དང་། རྒྱལ་ཁབ་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་བབས་ཧྲིལ་པོ་དང་ཕྱོགས་ཡོངས་ཀྱི་སྒོ་དབྱེའི་གནས་སྟངས་ཁྲོད་འཐབ་ཇུས་གནས་བབས་གལ་ཆེན་བཟུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་འཆར་འགོད་རྩ་གནད་ཞེས་པ་པར་འགྲེམ་བྱས་པ།

འཆར་འགོད་རྩ་གནད་ནང་། སྤྱི་ལོ་2018ལོའི་ཟླ་བ་11པའི་ཚེས་5ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་མ་ཟད་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་འཕར་བྱ་རྒྱུ་དང་།