ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་པ།

2019-11-29 10:12:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉོ་ཚོང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གསོ་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་ཡོད།

བསམ་འཆར་ནང་། སྤུས་ཚད་དང་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་རྣམ་པའི་སྒོ་དབྱེ་ནས་སྒྲིག་སྲོལ་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེར་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་ནས། སྔར་བས་ཆུ་ཚད་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་འཛུགས་སྐྱོང་བྱེད་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་ཉོ་ཚོང་གི་ཁྲིམས་ལུགས་དང་སྒྲིག་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་ཕྱོགས་ཉོ་ཚོང་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཁྲོམ་ར་ཅན་གྱི་རྩ་དོན་དང་ཚོང་ལས་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གསར་གཏོད་དང་། ལམ་ལུགས་གསར་གཏོད། རྣམ་པ་དང་ལས་རྣམ་གསར་གཏོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱ་རྒྱུས་གཙོ་བོ་བྱེད་པ་དང་། ཉོ་ཚོང་གི་གྲུབ་གཞི་ལེགས་སྒྱུར་ཤུགས་ཆེན་བྱེད་པ། ཕྱིར་གཏོང་ནང་འདྲེན་དང་། དངོས་ཟོག་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། ཉོ་ཚོང་དང་ཕྱོགས་གཉིས་མ་འཇོག ཉོ་ཚོང་དང་ཐོན་ལས་མཐུན་སྦྱོར་གོང་འཕེལ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱི་རྒྱལ་ནང་གི་གྲུབ་ཆ་ཁག་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་དང་། ཐོན་ཁུངས་ནུས་མཐོའི་སྒོ་ནས་ལེགས་སྒྲིག་བྱེད་པ། ཁྲོམ་ར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུ་མངོན་འགྱུར་ཐུབ་པ་བྱེད་དགོས། སྒོ་དབྱེ་མཉམ་ལས་དང་། ཁོག་ཡངས་ཀུན་ཕན། མཉམ་སྤྱོད་མཉམ་རྒྱལ་བཅས་ཀྱི་རྒྱལ་སྤྱིའི་ཉོང་ཚོང་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་སྟོན་བྱས་ཡོད།

བསམ་འཆར་ནང་། གསར་གཏོད་སྒུལ་ཤུགས་མགྱོགས་སུ་བཏང་ནས་ཉོ་ཚོང་འགྲན་རྩོད་བྱེད་པའི་བཟང་ཆ་གསར་པ་གསོ་སྤེལ་བྱེད་དགོས། ཉོ་ཚོང་གྲུབ་གཞི་ལེགས་སྒྲིག་བྱས་ནས་ཉོ་ཚོང་གོང་འཕེལ་འགྲོ་བའི་སྤུས་ཚད་དང་ནུས་འབྲས་མཐོ་རུ་གཏོང་དགོས། དོ་སྙོམས་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས་ཉོ་ཚོང་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ལས་རྣམ་གསར་པ་གསོ་སྤེལ་བྱས་ནས་ཉོ་ཚོང་གོང་འཕེལ་གཏོང་བའི་སྒུལ་ནུས་གསར་པ་གསབ་སྣོན་བྱེད་དགོས། སྟེགས་བུའི་མ་ལག་འཛུགས་པ་བརྒྱུད་ཉོ་ཚོང་གི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ནས་ཁྲིམས་སྐྱོང་ཅན་དང་། རྒྱལ་སྤྱི་ཅན། སྟབས་བདེ་ཅན་བཅས་ཀྱི་ཉོ་ཚོང་ཁོར་ཡུག་ཞིག་གཏོད་དགོས། མཉམ་གྲོས་དང་། མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས་ཉོ་ཚོང་གོང་འཕེལ་གཏོང་བའི་བར་ཁམས་གསར་པ་གཏོད་དགོས། རྩ་འཛུགས་ཀྱི་ལག་བསྟར་ལ་ཤུགས་སྣོན་བརྒྱབ་ནས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།

བསམ་འཆར་ནང་། ཀྲུང་དབྱང་དང་རྒྱལ་ཁབ་ཚན་པའི་འབྲེལ་ཡོད་སྡེ་ཚན་གྱིས་ལས་མིའི་ལས་བགོས་གཞིར་བཟུང་། ཞིབ་ཕྲའི་སྲིད་ཇུས་བྱ་ཐབས་ཞིབ་འཇུག་དང་། མཐུན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། འགན་འཁྲི་ཤུགས་ཆེར་གཏོང་བ་དང་། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་གཙོ་གནད་ལས་འགན་སྔར་བས་ཁ་གསལ་བཟོ་བ་དང་། འབྲེལ་ཡོད་ལས་འགན་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་པ།

ཉོ་ཚོང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གསོ་སྤེལ་ཇེ་མགྱོགས་སུ་གཏོང་བ་དང་། ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིན་ཤས་གོང་ཉོ་ཚོང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་ཡོད།