ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས་ཀྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་པ།

2019-11-28 10:28:00     责编:卓玛才让

ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་གནང་བ་བརྒྱུད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཇགས་རྒྱུ་ནོར་མ་འཇོག་རྣམ་གྲངས་ཀྱི་མ་གནས་དངུལ་རྩའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་དཔར་འགྲེམས་བྱས་པ་དང་། ཕྱོགས་བཞིའི་ཐད་ཀྱི་སྲིད་ཇུས་བྱེད་ཐབས་སྟོན་ཡོད་པ་རེད།

དེ་ཡང་གཅིག་ནས་མ་འཇོག་རྣམ་གྲངས་ཀྱི་མ་གནས་དངུལ་རྩའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཉིས་ནས་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་ཀྱི་མ་གནས་དངུལ་དམའ་ཤོས་ཀྱི་བསྡུར་གྲངས་འོས་འཚམ་གྱི་ལེགས་སྒྲིག་བྱེད་རྒྱུ། གྲུ་ཁ་དང་མཚོ་རྒྱུད། དེ་བཞིན་ཆུ་ཐོག་སྐྱེལ་འདྲེན་རྣམ་གྲངས་བཅས་ཀྱི་རྣམ་གྲངས་ཀྱི་མ་གནས་དངུལ་རྩའི་བསྡུར་གྲངས་དེ་བརྒྱ་ཆ་25ནས་བརྒྱ་ཆ་20བར་ལེགས་སྒྲིག་བྱེད་རྒྱུ་ཡིན་པ་རེད། གནམ་ཐང་གནམ་གྲངས་ཀྱི་མ་གནས་དངུལ་རྩའི་བསྡུར་གྲངས་དེ་སྔར་གྱི་བརྒྱ་ཆ་25རང་འཇགས་སུ་འཇོག་རྒྱུ། དེ་མིན་གྱི་རྨང་གཞིའི་སྒྲིག་ཆས་རྣམ་གྲངས་ཀྱི་མ་གནས་མ་དངུལ་དམའ་ཤོས་ཀྱི་བསྡུར་གྲངས་བརྒྱ་ཆ་20ཐོག་རང་སོར་འཇོག་རྒྱུ། གསུམ་ནས་ཁྲིམས་ལྟར་སྒྲིག་ལྟར་སོགས་ཀྱི་གལ་ཆེའི་བྱེད་ཐབས་ཐོག་ནས་མ་གནས་དངུལ་རྩའི་རྣམ་གྲངས་ལ་མ་འཇོག་བྱེད་རྒྱུར་བསྔགས་སྐུལ་བྱེད་རྒྱུ། བཞི་ནས་ཚད་ལྡན་དོ་དམ་ནན་དུ་གཏོང་རྒྱུ་དང་ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有