ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

2019-11-28 10:23:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༢༧ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ༼ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག་༽ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་མགྱོགས་སུ་གཏོང་བ་དང་། རིགས་ཁག་གི་ཁྲོམ་རའི་བྱེད་པོར་མ་འཇོག་ལས་དར་ཡོང་བར་སྐུལ་འདེད་གཏོང་བ་དང་དཀའ་གནད་སེལ་རོགས་བྱ་རྒྱུ་བཀོད་སྒྲིག་བྱས་ཡོད། གྲོས་ཚོགས་ཐོག ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་པར་བཅིངས་འགྲོལ་གཏོང་བ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ཁྲོམ་རའི་གསོན་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་པོ་ཡོང་བ། དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ལ་ཁ་གཏད་གཅོག་པ། འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་ཡིན་ཞེས་བསྟན་ཡོད།

༼ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག་༽ནང་ཉེ་བའི་ལོའི་ནང་དུ་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ཞིག་ཡིན་པ་དང་། ཁྲིམས་ལུགས་ཀྱི་ངོས་ནས་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་བླང་བྱ་ཁ་གསལ་བཏོན་པ་ཞིག་ཡིན། ས་གནས་ཁག་དང་ཚན་པ་ཁག་གིས་རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ནང་ད་དུང་སྔར་ལས་ལྷག་པའི་སྒོ་ནས་འབད་བརྩོན་བྱས་ཏེ་ལེགས་བཅོས་དང་ལེགས་གཏོང་བྱ་རྒྱུའི་ཐད་ངོས་འཛིན་གཏིང་ཟབ་བྱ་དགོས། དེའི་ཐད་དོ་སྙོམས་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། གང་མགྱོགས་༼སྲོལ་ཡིག་༽དང་འཚམ་པའི་ཆ་སྦྱོར་བྱ་ཐབས་འདོན་པ་བརྒྱུད། ༼སྲོལ་ཡིག་༽དང་མ་མཐུན་པའི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་ཡིག་ཆ་གཙང་སེལ་དང་། བཟོ་བཅོས། མེད་པ་བཟོ་བ་བཅས་བྱ་དགོས། གྲོས་ཚོགས་ཐོག ༼སྲོལ་ཡིག་༽གི་བླང་བྱ་གཞིར་བཟུང་ནས། ཁྲོམ་རའི་བྱེད་པོས་དོ་ཁུར་ཆེན་པོ་བྱེད་པའི་རིགས་ལ་གཅིག་སྡུད་བྱེད་པ་དང་། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། གཅིག་ནས་ཞིབ་མཆན་འགོད་རྒྱུ་སྔར་བས་སྟབས་བདེར་གཏོང་དགོས། སང་ལོར་རྒྱལ་ཁབ་ངོས་ནས་སྲིད་འཛིན་ཆོག་འཐུས་དོན་དག་གི་གསལ་ཐོ་སྒྲིག་བཟོ་དང་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། གསལ་ཐོའི་ནང་མ་ཚུད་པ་ཚང་མ་སྒྲིག་སྲོལ་དང་འགལ་བའི་ཞིབ་མཆན་འགོད་པ་ཡིན། བཟོ་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཆོག་འཐུས་ཕུད་པའི་དེ་མིན་གི་ཞུགས་དབང་དོ་དམ་བྱ་ཐབས་སྟབས་བདེར་གང་དྲག་གཏོང་དགོས། ཁེ་ལས་གཉེར་བའི་དུས་ཚོད་མུ་མཐུད་ནས་ཉུང་དུ་གཏོང་དགོས། གཉིས་ནས་ཞབས་ཞུའི་ལས་རིགས་ཀྱི་ཁྲོམ་རར་ཞུགས་དབང་ཚད་གཞི་སྔར་བས་དམའ་རུ་གཏོང་རྒྱུ་དང་། ཁེ་གཉེར་རང་བཞིན་སྨན་བཅོས་དང་སློབ་གསོ་སོགས་ཚན་པའི་དཔང་ཡིག་བདག་སྤྲོད་དང་སྒྲིག་ཆས་ཉོ་སྒྲུབ་སོགས་ཐད་ཀྱི་ལུགས་དང་མ་མཐུན་པའི་ཚད་བཀག་མེད་པ་བཟོ་རྒྱུ། དཔང་ཡིག་དང་ལག་ཁྱེར་ཁག་དབྱེ་བའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ། ལག་ཁྱེར་བཟོས་རྗེས་དཔང་ཡིག་བཟོ་རྒྱུ་ཉུང་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ། གསུམ་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་འགྲོ་གྲོན་བསྡུ་རྒྱུ་སྔར་བས་གཙང་སེལ་བྱེད་དགོས། ཟོག་འགྲེམས་ཁྱབ་ཁོངས་ཀྱི་ལུགས་དང་མ་མཐུན་པའི་འགྲོ་གྲོན་བསྡུ་རྒྱུ་ལེགས་སྒྲིག་བྱ་རྒྱུ་དང་། སང་ལོའི་ལོ་མཇུག་གོང་དུ། ཕྱིར་གཏོང་ནང་འདྲེན་བྱས་པའི་དོས་སྒམ་རྐྱང་པའི་རྒྱུན་གཏན་འགྲོ་གྲོན་བསྡུ་རྒྱུ་དེ་ཉིད་ཨ་སྒོར་༤༠༠ནང་ཚུན་དུ་དམའ་རུ་གཏོང་རྒྱུ། བཞི་ནི་དྲང་གཞག་འགྲན་རྩོད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ལས་རིགས་ཞུགས་འཐུས་དང་ཐོབ་ཐང་ཚད་གཞི་སོགས་ཀྱི་ཐད་དབང་བའི་ལམ་ལུགས་མི་འདྲ་བར་འཛིན་པའི་མཐོང་ཆུང་རང་བཞིན་དང་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་པའི་ཁྱད་པར་ཡོད་པའི་གཏན་འབེབས་བྱེད་སྟངས་གཙང་སེལ་ཡོ་བསྲང་བྱས་ཏེ། ལྟ་སྟངས་གཅིག་པའི་ཐོག་ནས་དྲང་གཞག་དོ་དམ་བྱ་རྒྱུ་དང་། སྤྱི་པའི་ཁེ་ཕན་སོགས་ཀྱི་དགོས་མཁོའི་དབང་གིས་སྲིད་གཞུང་གིས་ཁས་ལེན་བྱས་པ་དང་གན་རྒྱའི་ནང་གཏན་འཁེལ་བྱས་པའི་རིགས་ལ་འགྱུར་ལྡོག་བཏང་ནས་ཁེ་ལས་ལ་གྱོང་གུན་ཕོགས་རིགས་ལ་ཁྲིམས་ལྟར་གུན་འཇལ་བྱ་དགོས། ལྔ་ནི་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། སང་ལོའི་ལོ་མཇུག་གོང་དུ། གྲོང་ཁྱེར་དང་རྫོང་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ཐོ་འགོད་བདག་གཉེར་བྱེད་པའི་དུས་ཚོད་དེ་ལས་ཀའི་དུས་ཚོད་ཉིན་ལྔའི་ནང་ཚུན་དུ་ཉུང་དུ་གཏོང་རྒྱུ། རིན་ཐང་འཕར་མའི་དཔྱ་ཁྲལ་གི་ཆེད་སྤྱོད་སྤ་སེ་གློག་རྡུལ་ཅན་བཟོ་བ་དང་དཔྱ་ཁྲལ་དང་འབྲེལ་བ་ཡོད་པའི་དོན་དག་གཙོ་བོ་རྣམས་དྲ་ཐོག་ནས་གཉེར་རྒྱུ། ངོ་སྤྲོད་འབྲི་དགོས་པའི་དོན་དག་རྣམས་དོ་བདག་ནས་ཤོད་པ་དང་ཁས་ལེན་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ། མང་ཚོགས་ཀྱིས་འབྲེལ་ཡོད་དོ་དག་སྒྲུབ་སྐབས། གཏན་འབེབས་དང་མཐུན་པའི་ཁས་ལེན་བྱ་དགོས་པ་ལས། ངོ་སྤྲོད་དཔང་ཡིག་གང་ཡང་མཁོ་འདོན་བྱེད་མི་དགོས་པ་བཅས་བྱ་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོང་གཉེར་ཁོར་ཡུག་གི་དཔྱད་འཇོག་བྱེད་པའི་ལྟ་སྐུལ་ནུས་པ་འདོན་སྤེལ་ཡག་པོ་བྱ་ཆེད། གྲོས་ཚོགས་ཐོག་སྤྱི་ལོ་༢༠༡༨ལོ་ཚུན་དུ་རྒྱལ་ནང་ཚོང་གཉེར་ཁོར་ཡུག་ལ་ཚོད་ལྟའི་དཔྱད་འཇོག་བྱས་པ་དེ་རྨང་གཞིར་བྱེད་པ་དང་། ཁྲོམ་རའི་བྱེད་པོའི་མྱོང་ཚོར་གཞི་འཛིན་སར་བྱེད་པ། དམིགས་ཚད་མ་ལག་དང་དཔྱད་འཇོག་བྱ་ཐབས་ལེགས་སྒྱུར་བྱེད་པ། ཐུན་མོང་ལ་ཡོད་པའི་གནད་དོན་བཙལ་ནས་ཐག་གཅོད་བྱ་དགོས་ལ། ཡང་ས་གནས་དང་ཁེ་ལས་ཀྱི་ཁུར་པོ་ལྕི་རུ་མི་གཏོང་བ། རྒྱལ་སྤྱིའི་སྔོན་ཐོན་ཚད་འཛིན་སར་བྱས་ཏེ། ཞན་ཆ་སེལ་གང་ཐུབ་བྱེད་པ་དང་། དམིགས་ས་ཡོད་པའི་སྒྱུར་བཅོས་བྱ་ཐབས་འདོན་པ་བརྒྱུད། ནུས་ལྡན་བྱ་ཐབས་རྒྱ་སྐྱེད་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

སྤྱི་ཚེས་༢༧ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ༼ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག་༽ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ།