ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཝང་དབྱང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

2019-11-27 10:08:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་26ཉིན་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཆོས་ལུགས་ཁག་ལ་ཁྲིད་སྟོན་བྱས་ཏེ་ཆོས་ལུགས་ཀྱི་ལྟ་བ་དང་འདུལ་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་བརྒྱབ་པའི་བཞུགས་མོལ་སྤེལ་རེས་བྱས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཆོས་ལུགས་ཀྱི་ལྟ་བ་འདུལ་ཁྲིམས་གསལ་འགྲེལ་ནི་ཁ་ཕྱོགས་དང་རྩ་བར་དོ་དམ་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། ཆོས་ལུགས་ཁག་རང་ངོས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་ཡིན། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱུན་འཛིན་དང་གསར་གཏོད་ཕན་ཚུན་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། ཞིབ་འཇུག་དང་བཀོལ་སྤྱོད་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ལས་རིགས་དང་ཕྱོགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཆོས་ལུགས་ཀྱི་ལྟ་བ་དང་འདུལ་ཁྲིམས་གསལ་འགྲེལ་གྱི་རྩོམ་ཡིག་ཆེན་པོ་དེ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པའི་ཆོས་ལུགས་ཀྱི་བསམ་བློའི་མ་ལག་རིམ་བཞིན་ཆགས་པ་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།

ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་དང་། རིགས་གཅིག་མཁས་པ་དང་མཁས་དབང་། གཞི་རིམ་ཆོས་ལུགས་མི་སྣ་བཅས་16གིས་ཆོས་ལུགས་ཀྱི་ལྟ་བ་དང་འདུལ་ཁྲིམས་ལ་དམིགས་ནས་ཉམས་མྱོང་དང་མྱོང་ཚོར་གླེང་བ་མ་ཟད། ལས་ཀའི་ཐད་གྲོས་འགོ་ཡང་བཏོན་ཡོད། ཚང་མས་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག་སྤྱི་ཚོགས་གོང་འཕེལ་དང་དུས་རབས་ཡར་ཐོན་གྱི་བླང་བྱ་དང་ཟུང་འབྲེལ་གྱིས་ཆོས་ལུགས་ཀྱི་ལྟ་བ་དང་འདུལ་ཁྲིམས་ལ་འགྲེལ་བཤད་གསར་པ་རྒྱག་རྒྱུ་ནི་ཆོས་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་ལོ་རྒྱུས་ཀྱི་གདམ་ག་ཞིག་དང་ཆོས་ལུགས་ལས་རིགས་ཀྱིས་རང་ཉིད་ལ་དད་མོས་ཀྱི་འགན་འཁུར་བའི་མཚོན་ཚུལ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཆོས་ལུགས་ཀྱི་ལྟ་བ་དང་འདུལ་ཁྲིམས་གསལ་འགྲེལ་ནི་རྙོག་འཛིང་གི་རྒྱུད་རིམ་ལྡན་པའི་ལས་གཞི་ཞིག་ཡིན་པས། སྤྱོད་ཚུལ་གང་དྲག་དང་བྱས་རྗེས་ཧུར་ཐག་འཇོག་དགོས་ལ། ནུས་ཤུགས་དང་སྙིང་རུས་ལྷོད་མེད་ཀྱང་བྱེད་དགོས། ཆོས་ལུགས་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཆོས་ལུགས་ཁག་གི་བསམ་བློར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ། གསུང་རབ་ཀྱི་བསྟན་དོན་ལ་དུས་བསྟུན་མདུན་སྐྱོད་དང་དབང་གྲགས་གནད་འཕིགས་ཀྱི་འགྲེལ་བཤད་རྒྱག་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཆོས་ལུས་ཀྱི་ལྟ་བ་དང་འདུལ་ཁྲིམས་གསལ་འགྲེལ་གྱི་ལས་ཀར་རྒྱབ་སྐྱོར་དང་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞ་པའོ་ལུང་དང་པ་ཐེར་ཚོགས་འདུར་ཞུགས་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཆོས་དོན་མི་སྣ། རིགས་གཅིག་མཁས་པ་དང་མཁས་དབང་བཅས་ཁག་ཅིག་གིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་འགན་ཁུར་བས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣས་ས་གནས་ས་ཐོག་ཏུ་སྤེལ་རེས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཝང་དབྱང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ།

སྤྱི་ཚེས་26ཉིན་རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཆོས་ལུགས་ལས་རིགས་ཀྱི་བརྗོད་དོན་གཙོ་བོའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་ཆོས་ལུགས་ཁག་ལ་ཁྲིད་སྟོན་བྱས་ཏེ་ཆོས་ལུགས་ཀྱི་ལྟ་བ་དང་འདུལ་ཁྲིམས་ལ་དུས་རབས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བཤད་བརྒྱབ་པའི་བཞུགས་མོལ་སྤེལ་རེས་བྱས་ཡོད་པ་རེད།