ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་ལ་ཡུན་རིང་འགྱུར་བ་མི་གཏོང་བའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་པ།

2019-11-27 10:06:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི་༼ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་ལ་ཡུན་རིང་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚོད་ལ་སླེབས་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་གཏོང་རྒྱུའི་སྐོར་གྱི་༽བླང་བྱ་གཞིར་བཟུང་། ཞིང་པའི་ས་ཞིང་འགན་གཙང་ཁེ་དབང་འགན་ལེན་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དེར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་ལ་ཡུན་རིང་འགྱུར་བ་མི་གཏོང་བའི་ཐད་བསམ་འཆར་བཏོན་པ་ཞིག་ཡིན།

བསམ་འཆར་༽ནང་། ཁྱིམ་ཚང་ནས་འགན་གཙང་ལེན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བའི་བྱེད་ཕྱོགས་སྲིད་ཇུས་བརྟན་པོའི་ངང་རྒྱུན་འཁྱོངས་གནང་བཞིན་ཡོད་པ་དང་། སྔ་རྗེས་སུ་འགན་གཙང་སྤྲོད་ཡུན་ཐེངས་གཉིས་ནར་འགྱངས་བཏང་ཡོད་ཅིང་། འབྲེལ་ཡོད་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་ཟམ་མི་ཆད་པ་བཏང་བ་དང་། ཞིང་པས་ས་ཞིང་འགན་གཙང་ལེན་པའི་དབང་ཆ་ཁག་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པའི་འགག་རྩའི་དུས་མཚམས་སུ་སླེབས་སྐབས། ཏང་ཀྲུང་དབྱང་གིས་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་ལ་ཡུན་རིང་འགྱུར་བ་མེད་པ་ཞིག་ཡིན་པ་བཏོན་གནང་བ་ནི། ཏང་གི་གྲོང་གསེབ་ས་ཞིང་སྲིད་ཇུས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་ཡིན་པ་དང་། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་རྒྱུར་ཕན་ཐོགས་ཡོད་པ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུར་ཕན་ཐོགས་ཡོད་པ། གྲོང་གསེབ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་ཕན་ཐོགས་ཡོད་པ་བཅས་ཡིན། ཞིང་པ་དང་ས་ཞིང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་གཙོ་ཐིགས་དམ་པོར་བཟུང་ནས། གཞི་རྩའི་གཉེར་སྐྱོང་ལམ་ལུགས་བརྟན་པོ་འཛུགས་པ་དང་། གྲོང་གསེབ་ཀྱི་ས་ཞིང་ཞིང་པའི་མཉམ་སྡེབ་ལ་དབང་རྒྱུ་རྒྱུན་འཁྱོངས་བྱེད་པ། མཉམ་སྡེབ་དཔལ་འབྱོར་སྒྲིག་འཛུགས་ཀྱི་ཁོངས་མི་ཚོས་ས་ཞིང་གི་ཁེ་དབང་འདྲ་མཉམ་དུ་ལོངས་སྤྱོད་ཐུབ་རྒྱུ་འགན་ལེན་བྱེད་པ། ཞིང་ཕྲའི་མངོན་འགྱུར་བྱ་ཐབས་འཚོལ་ཞིབ་ཟམ་མི་ཆད་པར་བྱེད་པ། ས་ཞིང་སྒེར་བདག་མི་བཟོ་བ། ཁྱིམ་ཚང་གིས་འགན་གཙང་ལེན་ནས་གཉེར་སྐྱོང་བྱ་རྒྱུ་གཞི་རྩའི་གནས་བབ་ཐོག་འཇོག་པ་དང་། ཞིང་པའི་གཙོ་གཟུགས་ཀྱི་གནས་བབ་ལ་བརྩི་འཇོག་བྱེད་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ་བཅས་བྱ་དགོས་ཞེས་ནན་སྟོན་བྱས་ཡོད་པ་དང་།

༼བསམ་འཆར་༽ནང་། ཡུན་རིང་འགྱུར་བ་མེད་པའི་སྲིད་ཇུས་ཀྱི་ནང་དོན་ཁོང་དུ་ཡང་དག་ཆུད་པ་དང་། ས་ཞིང་མཉམ་སྡེབ་ལ་དབང་བ་དང་། ཁྱིམ་ཚང་གིས་འགན་གཙང་ལེན་ནས་གཉེར་སྐྱོང་བྱེད་པའི་གཞི་རྩའི་ལམ་ལུགས་ལ་ཡུན་རིང་འགྱུར་བ་མི་གཏོང་བ། ཞིང་པའི་ཁྱིམ་དུད་ཀྱིས་ཁྲིམས་ལྟར་མཉམ་སྡེབ་ཀྱི་ས་ཞིང་འགན་གཙང་ལེན་པའི་གཞི་རྩའི་དབང་ཆར་འགྱུར་བ་མི་གཏོང་བ། ཞིང་པའི་ཁྱིམ་དུད་ཀྱིས་འགན་གཙང་ལེན་པའི་ས་ཞིང་བརྟན་པོ་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཡུན་རིང་འགྱུར་བ་མི་གཏོང་བའི་སྲིད་ཇུས་ལ་བརྟན་པོའི་ཐོག་ནས་སྐུལ་འདེད་གཏོང་བ་དང་། ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་པོ་བཟོ་བ། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་སྤྲོད་པའི་དུས་ཚོད་ལ་སླེབས་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་གཏོང་རྒྱུ་བཅས་ཀྱི་ཐོག་ནས། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་དེ་རེས་སྐོར་དང་པོར་འགན་གཙང་སྤྲད་པ་ནས་བཟུང་ལོ་བདུན་ཅུ་དོན་ལྔ་རྒྱུན་འཁྱོངས་བྱས་ཡོད། མི་མང་དུ་ཕྱིན་ནའང་ས་ཞིང་མང་དུ་མི་གཏོང་བ་དང་། མི་ཉུང་དུ་ཕྱིན་ནའང་ས་ཞིང་ཉུང་དུ་མི་གཏོང་བའི་སྲོལ་རྒྱུན་མུ་མཐུད་ནས་དར་སྤེལ་གཏོང་བ་དང་། ས་ཞིང་འགན་གཙང་དབང་ཆ་ཁྲིམས་ལྟར་རང་མོས་ཐོག་ནས་ཐོབ་ཆ་ཡོད་པའི་ཚོང་བཤུག་གཏོང་སྲོལ་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་དགོས།

ཡུན་རིང་འགྱུར་བ་མི་གཏོང་བའི་རྨང་གཞིའི་ལས་དོན་ཡག་པོ་བསྒྲུབ་པ་དང་། འགན་གཙང་སྤྲོད་པའི་ས་ཞིང་གི་དབང་ཆ་གཏན་འཁེལ་ཐོ་འགོད་དང་དཔང་ཡིག་སྤྲོད་པའི་ལས་དོན་ཡག་པོ་བསྒྲུབ་པ། གྲོང་གསེབ་ཀྱི་ས་ཞིང་གི་བདག་དབང་དང་། འགན་གཙང་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་དབང་ཆ་གསུམ་ཁག་དབྱེ་བའི་སྲིད་ཇུས་མ་ལག་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་ཡོད་ཁྲིམས་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ཡུན་རིང་འགྱུར་བ་མི་གཏོང་བའི་གལ་ཆེའི་རང་བཞིན་དང་། མ་ལག་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བླང་བྱ་གཞིར་བཟུང་། འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐོག་ནས། ཡུན་རིང་འགྱུར་བ་མི་གཏོང་བ་དང་རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་སྤྲོད་པའི་དུས་ཚོད་ལ་སླེབས་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་གཏོང་རྒྱུའི་སྲིད་ཇུས་དེ་ས་ཆ་དེ་རང་དུ་ལག་བསྟར་བདེ་ལྷག་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཀྲུང་ཨུ་ལ་བཀག་སྡོམ་བྱེད་པ་ནི་རང་གིས་རང་ལ་མེ་མདས་བརྒྱབ་པ་དང་འདྲ།

ཕུའུ་ཅིང་གིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ལ་བཀག་སྡོམ་བྱེད་པ་ནི་ཨ་རིས་རང་གི་མགོ་ཐོག་ཏུ་མེ་མདས་བརྒྱབ་པ་ཞིག་རེད་ཅེས་བཤད།

中央广播电视总台 央广网 版权所有

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་ལ་ཡུན་རིང་འགྱུར་བ་མི་གཏོང་བའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་པ།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ནང་བཏོན་པའི་༼ས་ཞིང་འགན་གཙང་སྤྲོད་པའི་འབྲེལ་བ་བརྟན་ལ་ཡུན་རིང་འགྱུར་བ་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚོད་ལ་སླེབས་རྗེས་སླར་ཡང་ལོ་སུམ་ཅུ་ནར་འགྱངས་གཏོང་རྒྱུའི་སྐོར་གྱི་༽བླང་བྱ་གཞིར་བཟུང་། ཞིང་པའི་ས་ཞིང་འགན་གཙང་ཁེ་དབང་འགན་ལེན་གང་ལེགས་བྱེད་པ་དང་། གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ།