ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་མྱུར་སྐྱོབ་རུ་ཁག་ལ་དར་སྤྲོད་བསླབ་འདོམས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་བ།

2019-11-08 15:13:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་མྱུར་སྐྱོབ་རུ་ཁག་ལ་དར་སྤྲོད་བསླབ་འདོམས་གནང་ནས་ལོ་གཅིག་འཁོར་བའི་སྐབས་སུ། འཕྲལ་སྒྲུབ་དོ་དམ་པུས་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དར་སྤྲོད་བསླབ་འདོམས་ཀྱི་དགོངས་དོན་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ནས། འཕྲལ་སྒྲུབ་མྱུར་སྐྱོབ་ཀྱི་ནུས་པའི་འཛུགས་སྐྱོང་དང་འཕྲལ་སྒྲུབ་དོ་དམ་སྒྲིག་གཞིའི་སྒྱུར་བཅོས་ཀྱི་ལས་ཀར་ཕྱོགས་བསྡོམས་དང་སྤེལ་རེས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་ཡོད་པ་རེད།

ཧན་ཀྲེང་གིས། ལོ་གཅིག་གི་ནང་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་མྱུར་སྐྱོབ་རུ་ཁག་འཛུགས་སྐྱོང་དང་འཕྲལ་སྒྲུབ་དོ་དམ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ དར་སྤྲོད་བསླབ་འདོམས་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སྙིང་སྟོབས་ཆེར་བསྐྱེད། བློ་རྩ་བརྟན་པོས་བརྩོན་ལེན་བཅས་བྱས་ནས། འཕྲལ་སྒྲུབ་དོ་དམ་བྱ་གཞག་གི་ལས་རྣམ་གསར་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ཧན་ཀྲེང་གིས། མེ་གསོད་མྱུར་སྐྱོབ་རུ་ཁག་གིས་དར་སྤྲོད་བསླབ་འདོམས་ཀྱི་དགོངས་དོན་བེད་སྤྱད་དེ་བླ་སྲོག་བསྐྲུན་ནས་རུ་ཁག་འཛུགས་དགོས། འདུ་ཤེས་བཞི་སྲ་བརྟན་དུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བྱེད་ཐུབ་པ་བཅས་བྱས་ནས། དུས་ནམ་ཞིག་དང་། གནས་ཚུལ་གང་རུང་ཞིག་གི་འོག་ཏུ་འང་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀོད་འདོམས་ལ་ཉན་པ། སྒྱུར་བཅོས་སྒྲིག་སྒྱུར་ལས་དོན་གཏིང་ཟབ་སར་སྐུལ་འདེད་བཏང་ནས་དབང་གྲགས་ནུས་ལྡན་གྱི་སྒྲིག་འཛུགས་བཀོད་འདོམས་ཀྱི་མ་ལག་དང་རྒྱུན་རྟགས་གཉིས་ལྡན་གྱི་འཕྲལ་སྒྲུབ་སྟོབས་ཤུགས་མ་ལག་འཛུགས་སྐྲུན་གང་མགྱོགས་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཚོགས་འདུའི་གོང་། ཧན་ཀྲེང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མྱུར་སྐྱོབ་རུ་ཁག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དར་སྤྲོད་བསླབ་འདོམས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་པར་རིས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།

中央广播电视总台 央广网 版权所有

ཧན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་མྱུར་སྐྱོབ་རུ་ཁག་ལ་དར་སྤྲོད་བསླབ་འདོམས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་གནང་བ།

ཧན་ཀྲེང་གིས། ལོ་གཅིག་གི་ནང་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་མྱུར་སྐྱོབ་རུ་ཁག་འཛུགས་སྐྱོང་དང་འཕྲལ་སྒྲུབ་དོ་དམ་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་མཛུབ་ཁྲིད་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་