ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས་པ་མ་ཟད། སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ།

2019-11-08 15:08:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་7ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་ཡོད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་སྙན་ཞུ་གནང་ཡོད། ཁོང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་གནད་དོན་ཐད་ཆེད་དུ་ཞིབ་འཇུག་གནང་བ་མ་ཟད་གཏན་འབེབས་ཀྱང་གནང་ཡོད། འདི་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་དང་། ཏང་ཀྲུང་དབྱང་གིས་ཆབ་སྲིད་དང་གནས་བབ་ཧྲིལ་པོ། འཐབ་ཇུས་བཅས་ཀྱི་ཐོག་ནས་ཁྱོན་ཡོངས་ནས་བསམ་གཞིགས་བྱས་པ་ཞིག་དང་། མིག་སྔ་དང་རྒྱང་རིང་ཆེད་གནང་བའི་འཐབ་ཇུས་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་བཙུགས་པ་མ་ཟད། སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་དེ་འཚོགས་པ།

སྤྱི་ཚེས་7ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིང་གྲོང་ཨུད་བཅས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་