ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ལྟེ་གནས་དངོས་སུ་བཙུགས་པ།

2019-11-08 14:55:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ལྟེ་གནས་ཧྲེན་ཀྲེན་དུ་དངོས་སུ་བཙུགས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་7ཉིན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ལྟེ་གནས་ཧྲེན་ཀྲེན་དུ་དངོས་སུ་བཙུགས་པ་དང་། དུས་མཚུངས་སུ་ཁུག་པ་ཆེ་མོའི་ལྟེ་གནས་ཀྱི་ལག་ཐོགས་ཁ་པར་སྨྱན་སྦྱོར་གསར་པའི་སྟེགས་བུ་ཡང་སྤྱོད་འགོ་ཚུགས་ཡོད།

བྱེད་སྒོའི་ཡུལ་དངོས་སུ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་། ཀོང་ཏུང་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་སློབ་གྲྭར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་སྒྲིག་བཟོ་བྱས་པའི་4Kཆེས་དྭངས་གསལ་ཐད་གཏོང་གློག་བརྙན་༼དུས་སྐབས་འདིར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྒྱས་འཛོམས་༽ཞེས་པའི་ཀོང་ཏུང་སྐད་ཀྱི་པར་མའི་གློག་བརྙན་བསྐྱར་བཤུས་པར་མ་དང་DVDསོགས་ལག་རྟགས་སུ་སྤྲད་ཡོད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ལྟེ་གནས་ནང་ཁུག་པ་ཆེན་མོའི་རླུང་འཕྲིན་སོགས་ཀྱི་ལེ་ཚན་སྒྲིག་བཟོ་དང་སྨྱན་སྦྱོར་གསར་པའི་སྒྲིག་བཟོ་སོགས་ཀྱི་སྟེགས་བུ་བཀོད་སྒྲིག་བྱས་ཡོད་ཅིང་། སྤྱི་ཁྱབ་ལས་ཁུངས་ཀྱི་སྨྱན་སྦྱོར་མཉམ་འདྲེས་བརྒྱུད་གཏོང་བྱ་ཤུགས་སྔར་བས་ཆེ་རུ་གཏོང་བའི་འཚོལ་ཞིབ་ཆེན་པོ་ཞིག་རེད། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་སྤྱོད་སྣེ་དང་། དབྱང་བརྙན་མཐོང་སོགས་སྨྱན་སྦྱོར་གསར་པའི་སྒྲིག་བཟོ་ཁྱབ་བསྒྲགས་སྟེགས་བུ་ཡང་དུས་མཚུངས་སུ་བཙུགས་ནས། རླུང་འཕྲིན་དང་། བརྙན་འཕྲིན། སྨྱན་སྦྱོར་གསར་པ་བཅས་མཉམ་དུ་འདུས་པའི་བཟང་ཆ་ཆགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有