ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲན་ཧྲུའུ་ཡིས་ཅེ་ཁེའི་གྲོས་ཚོགས་སྨད་པའི་ཀྲུའུ་ཞི་དང་མཇལ་འཛོམས་གནང་བ།

2019-11-07 16:48:00     责编:sangjzm

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་གསལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཚེས་7ཉིན་མི་དམངས་ཚོགས་ཁང་ཆེ་མོར་ཅེ་ཁེའི་གྲོས་ཚོགས་སྨད་པའི་ཀྲུའུ་ཞི་ཧྥེང་ཏེ་ལ་ཆེ་ཁེ་དང་མཇལ་འཛོམས་གནང་བ་རེད།

ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་ཅེ་ཁེ་ནི་སྲོལ་རྒྱུན་མཛའ་གྲོགས་རྒྱལ་ཁབ་ཅིག་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་ཐེབས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གལ་ཆེན་གནང་ནས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་པས། དེས་ཀྲུང་གོ་དང་ཅེ་ཁེའི་མཉམ་ལས་ལ་གོ་སྐབས་གསར་པ་དེ་བས་ཆེ་བ་སྦྱིན་རྒྱུ་རེད་ཅེས་ནན་བཤད་གནང་བ་རེད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཏེ་ཀྲུང་གོ་དང་ཅེ་ཁེའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཅེ་ཁེའི་གྲོས་ཚོགས་ཁང་དང་སྤེལ་རེས་དང་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་ཅེས་གསུངས་ཡོད།

ཧྥེང་ཏེ་ལ་ཆེ་ཁེས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག་གནང་བའི་གཏམ་བཤད་ལ་མི་རྣམས་སེམས་འགུལ་ཆེན་པོ་ཐེབས་ཡོད། ཅེ་ཁེ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས། མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྲོམ་ར་གསར་འབྱེད་བཅས་བྱེད་འདོད་ཡོད་ཅེས་དང་། ཅེ་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

པད་མ་འཕྲིན་ལས་མཇལ་འཛོམས་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།

中央广播电视总台 央广网 版权所有

ལི་ཀྲན་ཧྲུའུ་ཡིས་ཅེ་ཁེའི་གྲོས་ཚོགས་སྨད་པའི་ཀྲུའུ་ཞི་དང་མཇལ་འཛོམས་གནང་བ།

ལི་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་ཅེ་ཁེ་ནི་སྲོལ་རྒྱུན་མཛའ་གྲོགས་རྒྱལ་ཁབ་ཅིག་ཡིན། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་མཐུད་ངང་སྐུལ་འདེད་ཐེབས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་གྱི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐོག་