ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་གྱུར་པ།

2019-11-07 16:37:17     责编:nake

  གསར་འགོད་པས་ཟླ11ཚེས4ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་ནས་ཤེས་རྟོགས་བྱུང་བར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་རྨོ་འདེབས་བསྡུ་གསོག་གོ་རིམ་དེ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད90%ཡན་ཟིན་པ་དང་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་དུ་གྱུར་ཡོད་པས། གཟན་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ལག་རྩལ་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་སྟངས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

  ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས“འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི”བྱ་སྤྱོད་ལ་དམིགས་ནས་གཟན་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ས་ཁོངས་མི་འདྲ་བའི་ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱས་པས་འཕྲུལ་ཆས་ཅན་དུ་འགྱུར་ཚད་མུ་མཐུད་དུ་མཐོ་རུ་ཕྱིན་ཡོད། ལྷག་པར་དུ་2016ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱིས་ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ལག་རྩལ་གསོ་སྦྱོང་བྱེད་སྒོ་བསྟུད་མར་སྤེལ་ཏེ། ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད་པ་རེད།

  2018ལོར་མཚོ་སྔོན་ཞིང་ཆེན་གྱིས་ཕྱུགས་རྩྭ་བརྔ་བསྡུའི་འཕྲུལ་ཆས་དང་ཕྱུགས་རྩྭ་ལས་སྣོན་འཕྲུལ་ཆས་སྒྲིག་ཆས་ཆ་ཚང183ཉོ་སྒྲུབ་བྱས་པ་དང་ཁ་གསབ་མ་དངུལ་སྒོར་ཁྲི་674.34བཏང་ཏེ། རོང་འབྲོག་མང་ཚོགས་དང་ཞིང་ཕྱུགས་ལས་ཐོན་སྐྱེད་མཉམ་ལས་རྩ་འཛུགས་ཀྱི་མ་དངུལ་སྒོར་ཁྲི་1436.34སྐུལ་ཁྲིད་བྱས་པ་རེད།

  ཞིང་ཆེན་ཞིང་ལས་དང་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་གཟན་རྩྭ་ཐོན་སྐྱེད་དང་རྨོ་འདེབས་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་མཐོ་རུ་ཕྱིན་པ་དེ་འཕྲུལ་ཆས་ཁ་གསབ་ཉོ་སྒྲུབ་སྲིད་ཇུས་ཀྱི་ཕན་འབྲས་ལས་ཐོན་པ་ཡིན། ཞིང་ཆེན་ཡོངས་ཀྱིས་ཕྱུགས་རྩྭ་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་གྱི་ལག་རྩལ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཞིང་འཕྲུལ་སྒྲིག་ཆས་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེན་བཏང་བ་བརྒྱུད། ཕྱུགས་རྩྭ་བརྔ་བསྡུ་འཕྲུལ་ཆས་དང་ཕྱུགས་རྩྭ་ལས་སྣོན་འཕྲུལ་ཆས་སྒྲིག་ཆས་ལ་ཀྲུང་དབྱང་གི་མ་དངུལ་ཁ་གསབ་གྲངས་འབོར་གྱི་རྨང་གཞིའི་ཐོག ཞིང་ཆེན་རིམ་པའི་མ་དངུལ་སྤྱོད་་ཚད་དེ་ཀྲུང་དབྱང་གི་ཁ་གསབ་གྲངས་འབོར་གྱི་90%མན་གྱི་ཚད་གཞི་ལྟར་ཁ་གསབ་བརྒྱབ་ཡོད་པ་རེད། །

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

  རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

中央广播电视总台 央广网 版权所有

མཚོ་སྔོན་ཞིང་ཆེན་གྱི་ཕྱུགས་རྩྭ་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་གྱུར་པ།

གསར་འགོད་པས་ཟླ11ཚེས4ཉིན་མཚོ་སྔོན་ཞིང་ཆེན་ཞིང་ལས་དངཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱིས“འབྲུ་རི