ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་མོལ་གནང་བ།

2019-11-07 10:29:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་6ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་ལ་མཇལ་མོལ་གནང་བ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་ལ། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོ་ཞིག་ཀྱང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་སྤེལ་རེས་གཏིང་ཟབ་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་དུས་བབ་འོག་ཀྲུང་གོ་དང་ཧྥ་རན་སིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དེས་ཕྱོགས་གཉིས་དང་ཀྲུང་གོ་དང་ཡོ་རོབ་དབར་ཕན་ཐོགས་ཡོད་ལ་འཛམ་གླིང་ལའང་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱིས་ས་ཁམས་མཚོན་རྟགས་ཀྱི་དབྱེ་འབྱེད་གྲོས་ཆོད་ལ་གྲོས་མོལ་ལེགས་གྲུབ་ཟིན་ནས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སི་ཕྱོགས་དང་མཉམ་དུ་ཉིང་རྡུལ་དང་། མཁའ་འགྲུལ། ཕྱོགས་གསུམ་ཁྲོམ་ར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁྲོམ་ར་ཅན་དང་ཚོང་ལས་ཅན་གྱི་རྩ་དོན་གཞིར་བཟུང་སྤུས་ཚད་མཐོ་བའི་རྣམ་གྲངས་དེ་བས་མང་བ་སྔ་ཙམ་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་གནད་དོན་ཐད་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་རང་མོས་ཉོ་ཚོང་དང་ཕྱོགས་མང་རིང་ལུགས་ལ་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

མ་ཁེ་ལུང་གིས། མིག་སྔར་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་གོང་ཤུགས་ཆེན་འགྲོ་བཞིན་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་གྲོས་མོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་དང་ཧོ་ལི་ཧྥེང་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ལི་ཁེ་ཆང་གིས་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་མཇལ་མོལ་གནང་བ།

ལི་ཁེ་ཆང་གིས། ཀྲུང་གོ་དང་ཧྥ་རན་སི་གཉིས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་ལ། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོ་ཞིག་ཀྱང་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་སྤེལ་རེས་གཏིང་ཟབ་གནང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མིག་སྔའི་དུས་བབ་འོག་ཀྲུང་གོ་དང་ཧྥ་རན་སིས་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་དངོས་སྒྲུབ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་