ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཀྲེན་ཧྲུའུ་ཡིས་སེབ་རུ་སིའི་གྲོས་དཔོན་དང་གྲོས་མོལ་གནང་བ།

2019-11-07 10:28:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་6ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེ་མོར་སེབ་རུ་སིའི་གྲོས་དཔོན་ཤིས་ལུའུ་ལི་སི་དང་གྲོས་མོལ་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་ཤིས་ལུའུ་ལི་སི་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པ་དང་འབྲེལ་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་ཡོད་པ་རེད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཨ་ན་སི་ཐ་ཤིས་ཡ་ཏི་སིའི་ཐུན་མོང་གི་སྣེ་ཁྲིད་འོག ཀྲུང་གོ་དང་སེབ་རུ་སི་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ནས་ཀྲུང་གོ་དང་སེབ་རུ་སིའི་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད་ཅེས་གསུངས་པ་རེད།

ལི་ཀྲན་ཧྲུའུ་ཡིས། ནང་འདྲེན་དངོས་མང་འགྲེམ་ཚོགས་ནི་ཀྲུང་གོས་སྒོ་མོ་ཕྱེ་ནས་རྒྱལ་ཁབ་ཁག་གིས་ཁྱད་ལྡན་ཐོན་རྫས་འོས་སྦྱོར་དང་ཀྲུང་གོའི་ཁྲོམ་ར་གཏོད་རྒྱུར་དགའ་བསུ་ཞུ་བའི་བྱེད་སྒོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་ནས་སླར་ཡང་འཛམ་གླིང་ལ་སྒོ་དབྱེའི་རྒྱལ་སྒོ་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུའི་ཀྲུང་གོའི་སྐད་སྒྲ་སླར་ཡང་བསྒྲགས་གནང་ཡོད། ཀྲུང་གོའི་ཕྱོགས་ནས་སེབ་རུ་སིའི་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་གཙོ་ཐིག་དེ་གཉིས་ཕན་མཉམ་ལས་ཀྱི་ཆུ་ཚད་ཐོག་མཐོ་རུ་གཏོང་བ་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་ཡག་པོ་བཙུགས་ནས་ཀྲུང་གོ་དང་སེབ་རུ་སིའི་མཛའ་གྲོགས་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་སེབ་རུ་སིའི་གྲོས་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁྲིམས་འཛུགས་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ལས་དོན་སྤེལ་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་ལེན་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ལི་ཀྲན་ཧྲུའུ་ཡིས། ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་མ་ཐག་ཡིན་པས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་ཆད་མེད་པར་མི་དམངས་ཀྱི་འདུན་པ་དང་། དུས་རབས་ཀྱི་གོམ་སྟབས། འཛམ་གླིང་གི་རླབས་རྒྱུན་བཅས་ལ་གཞིགས་ནས་དུས་བསྟུན་མདུན་སྐྱོད་བྱེད་པ་དང་། རྒྱལ་ཁབ་ཀྱི་ལམ་ལུགས་ཁག་རང་ངོས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ། འཛམ་གླིང་དང་ཁེ་ཕན་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་དེ་བས་ལེགས་པ་བཅས་བྱས་ཏེ་རང་རྒྱལ་གྱི་ལམ་ལུགས་བཟང་ཆ་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་ནས་རྒྱལ་ཁབ་གོང་འཕེལ་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

ཤིས་ལུའུ་ལི་སིས། ནང་འདྲེན་དངོས་མང་འགྲེམ་ཚོགས་ཐོག་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། ཀྲུང་གོའི་སྒོ་དབྱེའི་བྱེད་ཐབས་གསར་པས་སེབ་རུ་སི་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོང་འཕེལ་གྱི་གོ་སྐབས་དེ་བས་ཆེ་བ་ཐོབ་རྒྱུ་རེད། སེབ་རུ་སིའི་གྲོས་ཚོགས་ནས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བར་གྱི་མཛའ་གྲོགས་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད། ཀྲུང་ཁྲུན་ཞན་མཇལ་མོལ་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有

ལི་ཀྲེན་ཧྲུའུ་ཡིས་སེབ་རུ་སིའི་གྲོས་དཔོན་དང་གྲོས་མོལ་གནང་བ།

སྤྱི་ཚེས་6ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེ་མོར་སེབ་རུ་སིའི་གྲོས་དཔོན་ཤིས་ལུའུ་ལི་སི་དང་གྲོས་མོལ་གནང་བ་རེད། ལི་ཀྲན་ཧྲུའུ་ཡིས་ཤིས་ལུའུ་ལི་སི་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པ་དང་འབྲེལ་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་ཡོད་པ་རེད། ཁོང་གིས། ཀྲུའུ་