ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་ཤང་གང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་་ལིན་ཀྲེང་ཡུའི་ཨེ་དང་ཐུགས་འཕྲད་གནང་བ།

2019-11-07 10:25:00     责编:sangjzm

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྤྱི་ཚེས་༦ཉིན་ཏེའོ་ཡུལ་ཐེ་རྒྱལ་མགྲོན་ཁང་དུ་པེ་ཅིན་དུ་ཡུའི་གང་ཨའོ་ཁུག་་པ་ཆེན་པོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ལ་ཞུགས་མཁན་ཤང་གང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་་ལིན་ཀྲེང་ཡུའི་ཨེ་དང་ཐུགས་འཕྲད་གནང་ཡོད་པ་རེད། ཧན་ཀྲེང་གིས། ཉེ་བའི་ཟླ་བ་ལྔའི་རིང་སྲོལ་ཡིག་བཟོ་བཅོས་ཀྱི་ཟིང་ཆ་དང་རིམ་འགྱུར་དེ་རྒྱུན་མི་ཆད་པའི་དྲག་ཤུགས་བྱེད་སྒོར་འགྱུར་ནས་ཤང་གང་གི་སྤྱི་ཚོགས་ཧྲིལ་པོའི་སྤྱི་ཡོངས་ཁེ་ཕན་དང་རྒྱ་ཆེའི་གྲོང་མིའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད། སྲིད་འཛིན་དཔོན་པོ་ལིན་ཀྲེང་ཡུའི་ཨེ་དང་དོ་དམ་བཅོས་སྐྱོང་ཚོགས་པ་དང་དེ་བཞིན་ཤང་གང་གི་ཉེན་རྟོག་རུ་ཁག་གིས་རང་འགན་རང་འཁུར་གྱི་ལས་དོན་སྒྲུབ་ཚུལ་ལ་ཀྲུང་དབྱང་ནས་གདེང་འཇོག་གང་ལེགས་བྱེད་ཀྱི་ཡོད། ཟིང་ཆ་ཞོད་འཇགས་སུ་གཏོང་བ་དང་སྒྲིག་ལམ་སླར་གསོ་བྱེད་རྒྱུ་ནི་སྔར་བཞིན་ཤང་གང་གི་མིག་སྔའི་ལས་འགན་གལ་ཆེ་ཤོས་དེ་ཡིན་ལ་ཤང་གང་གི་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་ལས་ཁུངས་བཅས་ཀྱི་ཐུན་མོང་འགན་འཁྲི་ཡིན་པས་ཤང་གང་ལས་རིགས་ཁག་གིས་དྲག་ཤུགས་འགོག་པ་དང་ཁྲིམས་སྐྱོང་སྲུང་བ། བརྟན་ལྷིང་སྲུང་སྐྱོབ་བཅས་ཀྱི་དྲང་ནུས་གཅིག་འདུས་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

中央广播电视总台 央广网 版权所有

ཧན་ཀྲེང་གིས་ཤང་གང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་་ལིན་ཀྲེང་ཡུའི་ཨེ་དང་ཐུགས་འཕྲད་གནང་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སྤྱི་ཚེས་༦ཉིན་ཏེའོ་ཡུལ་ཐེ་རྒྱལ་མགྲོན་ཁང་དུ་པེ་ཅིན་དུ་ཡུའི་གང་ཨའོ་ཁུག་་པ་ཆེན་པོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་ལ་ཞུགས་མཁན་ཤང་གང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་པོ་་ལིན་ཀྲེང་ཡུའི་ཨེ་དང་ཐུགས་འཕྲད་གནང་ཡོད་པ་རེད། ཧན་ཀྲེང་གིས། ཉེ་བའི་ཟླ་བ་ལྔའི་རིང་སྲོལ་ཡིག་བཟོ་བཅོས་ཀྱི་ཟིང་ཆ་དང་རིམ་