ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཧན་ཀྲེང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་དགོས་ཚུལ་བསྟན་པ།

2019-11-07 10:24:00     责编:sangjzm

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཡུའི་གང་ཨའོ་ཁུག་པ་ཆེན་པོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧན་ཀྲེང་གིས་སྤྱི་ཚེས་༦ཉིན་ཏེའོ་ཡུལ་ཐེ་རྒྱལ་མགྲོན་ཁང་དུ་ཡུའི་གང་ཨའོ་ཁུག་པ་ཆེན་པོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་སྐོང་འཚོགས་གནང་བ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཡུའི་གང་ཨའོ་ཁུག་པ་ཆེན་པོ་འཛུགས་སྐྲུན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ཤང་གང་ལ་ཕན་པ་དང་ཨའོ་མོན་ལ་ཕན་པའི་སྲིད་ཇུས་བྱ་ཐབས་ཁག་ཅིག་ཞིབ་འཇུག་བྱས་ནས་བཏོན་ཐོག་དུས་རིམ་རྗེས་མའི་ཁུག་པ་ཆེན་པོ་ཁུལ་འཛུགས་སྐྲུན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱེད་དགོས་ཞེས་གསུངས་འདུག

ཧན་ཀྲེང་གིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ནས་ཤང་གང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བྱེད་པ་དང་མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གྱི་བཟང་ཆ་མངོན་བསལ་ཆེ་ཤོས་གྲས་ཞིག་རེད། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་སྔ་བར་ཕྱི་གསུམ་དུ་འགན་འཁྲི་སེམས་ནང་བརྟན་པོར་ངེས་ནས་ཤང་གང་དང་ཨའོ་མོན་གཉིས་རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་མཉམམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཐོག་ཤང་གང་དང་ཨའོ་མོན་གྱི་སྤུན་ཟླ་རྣམས་ཀྱིས་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་སྐྱར་དར་གྱི་ལོ་རྒྱུས་འགན་འཁྲི་འཁུར་བ་དང་མེས་རྒྱལ་དར་རྒྱས་སྟོབས་འབྱོར་ལྡན་པའི་རླབས་ཆེན་གཟི་བརྗིད་མཉམ་སྤྱོད་ཐུབ་པ་བྱེད་དགོས། སྔ་བར་ཕྱི་གསུམ་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱེད་པའི་སྒྲོམ་གཞིའི་འོག་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་ལས་དོན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཅིག་གི་སྔོན་འགྲོའི་ཆ་རྐྱེན་འོག་ལམ་ལུགས་གཉིས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་ཤང་གང་དང་ཨའོ་མོན་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་རྒྱལ་ཡོངས་ཀྱིས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་མིག་དཔེ་ཞིག་འཛུགས་དགོས་ཀྱི་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།

中央广播电视总台 央广网 版权所有

ཧན་ཀྲེང་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་དགོས་ཚུལ་བསྟན་པ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཡུའི་གང་ཨའོ་ཁུག་པ་ཆེན་པོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧན་ཀྲེང་གིས་སྤྱི་ཚེས་༦ཉིན་ཏེའོ་ཡུལ་ཐེ་རྒྱལ་མགྲོན་ཁང་དུ་ཡུའི་གང་ཨའོ་ཁུག་པ་ཆེན་པོ་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་སྐོང་འཚོགས་གནང་བ་དང་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་