ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཝང་ཡང་གྲོས་ཚོགས་ནང་ཞུགས་པ།

2019-11-07 10:00:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་སྤྱི་ཚེས་6ཉིན་གྱི་ཕྱི་དྲོ་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གྲོས་ཚོགས་ནང་བཞུགས་ཡོད། ཧྥེང་ཀུང་དང་ཀྲང་ཏའོ་ཧུང་། ཀའོ་ཧྥེང་། ཐའོ་ཁའེ་ཡོན། ཆུས་ཧྥེང་ཧུང་། ཅང་ཙོ་ཅུན། ཀྲང་ཐའོ་ལིན། ཀྲེང་ཅན་མིང་། ལི་ཁྲང་ཅིན། ཀྲེན་ཀྲེན། ཞུས་ཞའོ། ཀེ་ཧུའེ་ཅུན། ཀྲང་ཁྲང་ཨར། ཝང་རུང་། ཡུས་གོ་ཁྲུན། ཆི་ཅན་གོ་སོགས་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་16ནས་ཚོགས་ཆེན་ཐོག་གཏམ་བཤད་གནང་ཡོད།

ཚང་མས་གཏམ་བཤད་གནང་སྐབས་མགྲིན་དབྱངས་གཅིག་གྱུར་ཐོག ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་གནང་བའི་གཏན་འབེབས་ལ་རྦད་དེ་མོས་མཐུན་དང་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་མཚམས་དང་ལོ་བརྒྱ་ཐམ་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་འདྲེས་མཚམས་སུ་འཚོགས་པའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་ལ་ཆེད་དོན་ཞིབ་འཇུག་བྱས་པ་དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐོ་ས་ནས་རྒྱང་རིང་ལ་གཟིགས་པའི་འཐབ་ཇུས་ཀྱི་གཟིགས་རྒྱང་དང་། ལོ་རྒྱུས་ཀྱི་འགན་སེམས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། ཚང་མས། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་བ། ཕན་ཚུན་འབྲེལ་མཐུད་ཐུབ་པ་བྱེད་པ། ཐབས་དང་ཇུས་འདོན་པ། ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་བཅས་ཀྱི་གོ་རིམ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། མི་དམངས་སྲིད་གྲོས་ལ་དུས་རབས་ཀྱི་ཞིབ་འཇུག་བརྗོད་གཞི་གསར་པ་ཞིག་སྤྲད་ཡོད། རིམ་ཁག་སྲིད་གྲོས་སྒྲིག་འཛུགས་དང་སྲིད་གྲོས་ཨུ་ཡོན་ཚོས་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་སྲིད་གྲོས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། སྔ་བར་ཕྱི་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་ཐིག་ལ་བརྩི་དགོས། འདུ་ཤེས་བཞི་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་བརྟག་དཔྱད་ཞིབ་འཇུག་གི་ནུས་པ། མང་ཚོགས་དང་འབྲེལ་གཏུག་བྱེད་པའི་ནུས་པ། ལས་ཀ་མཉམ་སྒྲུབ་བྱེད་པའི་ནུས་པ་བཅས་ཆེ་རུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐེ་ཞུགས་མཁན་དང་ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་དགོས། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་བྱེད་པ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་སེམས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་གོང་བུ་གཅིག་ཏུ་འགྲིལ་བ་བཅས་བྱས་ཐོག རང་རྒྱལ་གྱི་ལམ་ལུགས་ཀྱི་བཟང་ཆ་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་བ་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།

ཚོགས་འདུའི་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཞ་པའོ་ལུང་སོགས་ཀྱིས་མི་དོན་སྐོར་གནང་བའི་གསལ་བཤད་གསན་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སུའུ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག མིག་དམར་རྒྱལ་པོ།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་ཚང་འཛོམས་གྲོས་ཚོགས་སྐོང་འཚོགས་བྱས་པ་དང་། ཝང་ཡང་གྲོས་ཚོགས་ནང་ཞུགས་པ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པས་སྤྱི་ཚེས་6ཉིན་གྱི་ཕྱི་དྲོ་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གྲོས་ཚོགས་ནང་བཞུགས་ཡོད། ཧྥེང་ཀུང་དང་ཀྲང་ཏའོ་ཧུང་། ཀའོ་ཧྥེང་། ཐའོ་ཁའེ་ཡོན། ཆུས་ཧྥེང་ཧུང་། ཅང་ཙོ་ཅུན། ཀྲང་ཐའོ་ལིན། ཀྲེང་ཅན་མིང་། ལི་ཁྲང་ཅིན། ཀྲེན་ཀྲེན། ཞུས་ཞའོ། ཀེ་ཧུའེ་ཅུན། ཀྲང་ཁྲང་ཨར།