ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

སྐུ་ཟླ་རྣམ་གཉིས་ཧྲང་ཧའེ་ཕྱི་སྐད་སློབ་ཆེན་གྱི་ཁོངས་གཏོགས་ཕྱི་སྐད་སློབ་གྲྭར་ལྟ་ཞིབ་ལ་ཕེབས།

2019-11-07 09:49:00     责编:sangjzm

མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་གྱིས་ཧྥ་རན་སེའི་ཙུང་ཐུང་གི་སྐུ་ཟླ་པུའུ་ལི་ཅི་ཐེ་གདན་ཞུས་ནས་མཉམ་དུ་ཧྲང་ཧའེ་ཕྱི་སྐད་སློབ་ཆེན་གྱི་ཁོངས་གཏོགས་ཕྱི་སྐད་སློབ་གྲྭར་ལྟ་ཞིབ་ལ་ཕེབས།

སྐུ་ཟླ་རྣམ་གཉིས་འབྱོར་དུས། སློབ་མ་ཚོས་ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་དར་གཡུགས་ནས་སྤྲོ་བ་ཆེན་པོས་བསུ་མ་ཞུས་པ་དང་། ཁོང་གཉིས་ལ་མེ་ཏོག་ཕུལ། ཕེང་ལི་ཡོན་དང་པུའུ་ལི་ཅི་ཐེ་ཡིས་ཐོག་མར་སློབ་གཙོ་ཡིས་སློབ་གྲྭ་གཉེར་སྟངས་དང་། རྒྱལ་སྤྱིའི་བགྲོ་གླེང་སྤེལ་སྟངས་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པ་དང་། དེ་ནས་ཧྥ་རན་སེའི་སྐད་ཡིག་སློབ་ཚན་དུ་སླེབས་དུས། དགེ་རྒན་གྱིས་ཀྲུང་གོ་དང་ཧྥ་རན་སེའི་བཟའ་བཅའི་རིག་གནས་ཁྲིད་བཞིན་འདུག རྒྱལ་ཁབ་གཉིས་ཀྱི་སྐུ་ཟླ་རྣམ་གཉིས་ཀྱིས་དགའ་སྣང་དང་བཅས་ཟུར་ཉན་བྱས་ཤིང་སློབ་མ་ཚོའི་དྲི་བར་ལན་གནང་། ཀྲུང་གོའི་དངོས་མིན་རིག་གནས་ཤུལ་བཞག་སློབ་ཚན་ལ་སླེབས་དུས། ཁོང་གཉིས་ཀྱིས་སློབ་མ་ཚོས་ཕྱེ་བཟོས་གཟུགས་བརྙན་དང་། ཤོག་དྲས་འདྲ་གཟུགས། ཁུལ་དྲུབ་སོགས་སྲོལ་རྒྱུན་ལག་རྩལ་ལ་སློབ་སྦྱོང་བྱེད་པར་བལྟས་པ་མ་ཟད་དངོས་སུ་ལག་ལེན་བྱས་ཡོད། སློབ་མ་ཚོས་རང་ཉིད་ཀྱི་བརྩམས་ཆོས་སྐུ་ཟླ་རྣམ་གཉིས་ལ་ཕུལ།

སློབ་མ་ཚོས་སྐུ་ཟླ་རྣམ་གཉིས་ལ་རང་ཉིད་ཀྱིས་སྒྲིག་བཟོ་དང་གཙོ་ཁྲིད་བྱས་པའི་ཀྲུང་གོ་དང་ཧྥ་རན་སེའི་ཞབས་བྲོ་དང་། སྲོལ་རྒྱུན་ཟློས་གར་སོགས་འཁྲབ་སྟོན་བྱས། ཕེ་ལིང་ཡོན་གྱིས། རིག་གནས་ཀྱིས་དུས་ཚོད་དང་བར་སྟོང་བརྒལ་ནས་མི་སེམས་འབྲེལ་ཐུབ་པས། རྒྱལ་ཁབ་གཉིས་ཀྱི་ན་གཞོན་ཚོས་རྒྱལ་ཁབ་གཉིས་ཀྱི་རིག་གནས་ཀྱི་མཐིལ་རྟོགས་རྒྱུ་དང་། ཀྲུང་གོ་དང་ཧྥ་རན་སེའི་མཛའ་བརྩེ་དར་ཞིང་རྒྱས་པར་གཏོང་བའི་རེ་བ་ཡོད་པར་གསུངས། སྐུ་ཟླ་པུའུ་ལི་ཅི་ཐེ་ཡིས་སློབ་ཕྲུག་ཚོའི་འཁྲབ་སྟོན་དང་ཧྥ་རན་སེའི་རིག་གནས་ལ་དགའ་མོས་བྱེད་པའི་རྣམ་པ། དེ་མིན་ཀྲུང་གོའི་རིག་གནས་རྒྱུན་འཛིན་བྱེད་པའི་རྣམ་པ་ཡིས་ཁོ་མོར་བག་ཆགས་ཟབ་མོ་བཞག་སོང་བ་དང་། ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་ཁབ་གཉིས་ཀྱི་ན་གཞོན་ཚོའི་བར་བགྲོ་གླེང་མང་པོ་བྱེད་པ་དང་གྲོགས་པོ་སྒྲིག་པར་སྐུལ་མ་གཏོང་དགོས་ཞེས་བསྟན།
ཧྲང་ཧའེ་ཕྱི་སྐད་སློབ་ཆེན་གྱི་ཁོངས་གཏོགས་ཕྱི་སྐད་སློབ་གྲྭ་ནི་“ཀྲུང་གོ་ཧྥ་རན་སེའི་བར་གྱི་སློབ་གྲྭ་བརྒྱའི་འཆར་གཞིའི”ཁོངས་གཏོགས་ཤིག་རེད།

 

中央广播电视总台 央广网 版权所有

སྐུ་ཟླ་རྣམ་གཉིས་ཧྲང་ཧའེ་ཕྱི་སྐད་སློབ་ཆེན་གྱི་ཁོངས་གཏོགས་ཕྱི་སྐད་སློབ་གྲྭར་ལྟ་ཞིབ་ལ་ཕེབས།

སྐུ་ཟླ་རྣམ་གཉིས་འབྱོར་དུས། སློབ་མ་ཚོས་ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་དར་གཡུགས་ནས་སྤྲོ་བ་ཆེན་པོས་བསུ་མ་ཞུས་པ་དང་། ཁོང་གཉིས་ལ་མེ་ཏོག་ཕུལ། ཕེང་ལི་ཡོན་དང་པུའུ་ལི་ཅི་ཐེ་ཡིས་ཐོག་མར་སློབ་གཙོ་ཡིས་སློབ་གྲྭ་གཉེར་སྟངས་དང་། རྒྱལ་སྤྱིའི་བགྲོ་གླེང་སྤེལ་སྟངས་སྐོར་གྱི་གནས་ཚུལ་ངོ་སྤྲོད་བྱས་པར་གསན་པ་དང་། དེ་ནས་ཧྥ་རན་སེའི་སྐད་ཡིག་སློབ་ཚན་དུ་སླེབས་དུས། དགེ་རྒན་གྱིས་ཀྲུང་གོ་དང་ཧྥ་རན་སེའི་བཟའ་བཅའི་རིག་གནས་ཁྲིད་བཞིན་འདུག རྒྱལ་ཁབ་གཉིས་