ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ལི་ཁེ་ཆང་སྤྱི་ལོ་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་རྒྱུ་མ་ཟད་ཤིས་ཚིག་ཀྱང་གསུང་རྒྱུ་ཡིན་པ་རེད།

2019-10-09 09:34:00     责编:卓玛才让

སྤྱི་ཟླ་10པའི་ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ལོ་2019ལོའི་པེ་ཅིང་འཛམ་གླིང་སྐྱེད་ཚལ་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོའི་འབྲེལ་ཡོད་བཀོད་སྒྲིག་དང་གྲ་སྒྲིག་ལས་དོན་གྱི་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཀྲུང་གོའི་ཉོ་ཚོང་སྐུལ་སྤེལ་ལྷན་ཚོགས་ཀྱི་ཚོགས་གཙོ། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ། པེ་ཅིང་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀའོ་ཡན་གྱིས། སྤྱི་ཟླ་10པའི་ཚེས་9ཉིན་གྱི་དགོང་མོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་སྤྱི་ལོ་2019ལོའི་པེ་ཅིང་སྐྱེད་ཚལ་སྒྱུ་རྩལ་འགྲེམས་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་གནང་རྒྱུ་མ་ཟད་ཤིས་ཚིག་ཀྱང་གསུང་གནང་རྒྱུ་རེད་ཅེས་ཁྱབ་བསྒྲགས་གནང་བ་རེད།

ཕ་ཁུ་སི་ཐན་དང་། སུའོ་ལུའོ་མོན་གླིང་ཚོམས། ཁམ་ཕུ་ཀྲེ། ཅེར་ཅེ་སི་སི་ཐན། ཨ་སའེ་པའེ་ཅང་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་དང་སྲིད་ཕྱོགས་ཀྱི་མི་སྣ་གཙོ་གྲས། རྒྱལ་སྤྱིའི་འགྲེམས་སྟོན་ཅུས་དང་རྒྱལ་སྤྱིའི་སྐྱེད་ཚལ་སྒྱུ་རྩལ་ཐོན་སྐྱེད་པའི་མཐུན་ཚོགས་ཀྱི་འགན་འཁུར་མི་སྣ་སོགས་མཇུག་སྒྲིལ་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད། རྒྱལ་སྤྱིའི་འགྲེམས་ཚོགས་ནང་ཞུགས་མཁན་དང་། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱི་མི་སྣ། སྐྱེད་ཚལ་སྒྱུ་རྩལ་ལས་རིགས་ཀྱི་གྲགས་ཅན་རིགས་གཅིག་མཁས་པ། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པ། དེ་བཞིན་དུ་རྒྱལ་ནང་གི་པུའུ་དང་ཨུ་ཡོན་ལྷན་ཁང་ཁག ས་གནས་ཁག་གི་འཐུས་མི་བཅས་900ལ་ཉེ་བ་མཇུག་སྒྲིལ་མཛད་སྒོར་ཞུགས་གནང་རྒྱུ་རེད། མཇུག་སྒྲིལ་མཛད་སྒོ་མ་ཚོགས་གོང་། ལི་ཁེ་ཆང་གིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དབུ་ཁྲིད་མི་སྣ་དང་ཐུན་མོང་ཐོག་ཀྲུང་གོའི་འགྲེམས་ཁང་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有