ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་ལུས་རྩལ་འཕྲིན་ལམ་གྱིས་NBAཡི་འགྲན་བསྡུར་གནས་སྐབས་བརྒྱུད་གཏོང་བྱེད་མཚམས་བཞག་པ།

2019-10-09 09:26:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལུས་རྩལ་འཕྲིན་ལམ་གྱིས་སྤྱི་ཚེས8ཉིན་སླར་ཡང་གསལ་བསྒྲགས་སྤེལ་ནས། NBAཡི་འགྲན་བསྡུར་གནས་སྐབས་བརྒྱུད་གཏོང་བྱེད་མཚམས་འཇོག་རྒྱུའི་ཐག་བཅད་པ་རེད།

གསལ་བསྒྲགས་སྤེལ་བའི་ནང་། འཇར་པན་དུ་བྱེད་སྒོར་ཞུགས་པའི་ NBAཡི་སྤྱི་འདོམས་པ་ཡ་ཏེང་﹒ཤའོ་ཧྭ་ཡིས་ཤུའུ་སེ་ཏུན་མེ་ཤུགས་འཕུར་མདའ་རུ་ཁག་གི་སྤྱི་ཁྱབ་སྤྱི་གཉེར་མུ་ལིར་ལན་ཆ་བྱས་ནས་ཤང་ཀང་དང་འབྲེལ་བ་ཡོད་པའི་ལུགས་མཐུན་མིན་པའི་གཏམ་བརྗོད་སྤེལ་བར་དོ་སྣང་བྱུང་། ཡ་ཏང﹒ཤའོ་ཧྭ་ཡིས་མུ་ལིས་རང་མོས་ཐོག་གཏམ་བརྗོད་སྤེལ་བའི་དབང་ཆར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་ཡོད། ང་ཚོས་དེར་ཡིད་མི་རངས་བ་དང་ངོ་རྒོལ་དྲག་པོ་བྱ་རྒྱུ་ཡིན་ཞེས་གསུངས་འདུག ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་སྤྱི་ཚོགས་བརྟན་ལྷིང་ལ་འགྲན་སློང་བྱེད་པའི་གཏམ་བརྗོད་མཐའ་དག་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལུས་རྩལ་འཕྲིན་ལམ་གྱིས་ NBAཡི་དུས་ཚིགས་གོང་མའི་༼ ཀྲུང་གོའི་འགྲན་བསྡུར༽གྱི་བརྒྱུད་གཏོང་བཀོད་སྒྲིག་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཐག་བཅད་པ་དང་། NBAདང་འབྲེལ་བའི་མཉམ་ལས་སྤེལ་རེས་མཐའ་དག་ལ་འཕྲལ་དུ་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།