ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཕྱི་རྒྱལ་གྱི་འགོ་ཁྲིད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ།

2019-10-08 09:59:00     责编:卓玛才让

སླར་ཡང་རྒྱལ་ཁབ་མང་པོའི་འགོ་ཁྲིད་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཞལ་པར་རམ་འཕྲིན་ཡིག་བཏང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུས་འདུག

ཨ་མན་གྱི་རྒྱལ་པོ་ཁ་པུ་སེས་མཛའ་གྲོགས་ཀྱི་ཀྲུང་གོའི་མི་དམངས་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་ཡོང་བར་སྨོན་འདུན་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་འབྲེལ་བ་སྔར་བས་སྲ་བརྟན་དང་གོང་འཕེལ་འགྲོ་རྒྱུར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས་འདུག

པ་རིན་གྱི་རྒྱལ་པོ་ཧ་མ་ཏེས་པ་ཀྲུང་འབྲེལ་བ་མཛའ་ཞིང་བརྟན་པ་དང་། སླད་ཕྱིན་ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་ཆུ་ཚད་མུ་མཐུད་མཐོ་རུ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཨད་ཙེ་ཨོ་པི་ཡའི་ཙུང་ཐུང་ཝོ་ཁེས། ཀྲུང་གོ་བཀྲ་ཤིས་ཡར་རྒྱས་དང་། དར་རྒྱས་འབྱོར་ཕྱུག་ཡོང་བའི་སྨོན་འདུན་ཞུས་འདུག

ཐུ་ཉི་སིའི་ཙུང་ཐུང་གི་ལས་ཚབ་རྣ་སེར་གྱིས། ད་ལོ་ཐུ་ཉི་སི་དང་ཀྲུང་གོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ55འཁོར་ཡོད། ངས་ཀྲུང་གོའི་ཕྱོགས་དང་ལྷན་དུ་མུ་མཐུད་ཐུ་ཀྲུང་མཛའ་གྲོགས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཕྱོགས་གཉིས་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་འདོད་ཡོད་ཅེས་གསུངས་འདུག

ཏོ་ཁོའི་ཙུང་ཐུང་ཧྥུ་ལེས། ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་དེ་བཞིན་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཅིག་ཏུ་གྱུར་ཡོད་ཅེས་གསུངས་འདུག

མ་ཏ་ཀ་སེ་ཁའི་ཙུང་ཐུང་ལ་ཆོ་ལི་རྣས། ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་ལ་དགའ་བའི་སེམས་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ནི་རྒྱལ་ཁབ་འཆམ་མཐུན་གྱི་མཚོན་རྟགས་ཡིན་ཞེས་གསུངས་འདུག

དབུས་ཨ་ཕེ་རི་ཁའི་ཙུང་ཐུང་ཐུ་ཝ་ཏེ་ལས། ཟོལ་མེད་ཀྱི་མཛའ་གྲོགས་དང་མཐུན་སྒྲིལ་མཉམ་ལས། དེ་བཞིན་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཀྱིས་རྒྱལ་ཁབ་གཉིས་པོ་དམ་དུ་སྦྲེལ་ཡོད། འབྲེལ་བ་བཟང་པོར་མུ་མཐུད་ཤུགས་སྣོན་ཐེབས་པའི་རེ་བ་ཡོད་ཅེས་གསུངས་འདུག

མ་རོ་ཀོ་གོང་རིམ་རྒྱལ་ཕྲན་གྱི་གཙོ་བདག་རྒྱལ་རྒྱུད་ཨར་པེ་ཁྲི་ཐོག་གཉིས་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་རོ་ཀོ་གོང་རིམ་རྒྱལ་ཕྲན་ལ་རྒྱལ་དོན་འཚམས་འདྲི་ལེགས་པར་གནང་བ་དེས་ཕྱོགས་གཉིས་འབྲེལ་བའི་ལེའུ་གསར་པ་ཞིག་གི་འགོ་བརྩམས་ཡོད་ཅེས་གསུངས་འདུག

ལ་ཏོ་ཝི་ཡའི་ཙུང་ཐུང་ལའི་ཝི་ཚེས། ལ་ཐོ་ཝི་ཡ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཡོ་རོབ་གླིང་གི་མཉམ་སྦྲེལ་མཉམ་མཐུད་ཀྱི་འཐབ་ཇུས་དང་སྦྲེལ་མཐུད་བྱེད་པའི་ནང་ཞུགས་འདོད་ཡོད་ལ་དེར་ནུས་ཤུགས་འདོན་རྒྱུ་ཡིན་ཞེས་གསུངས་འདུག

སེ་ལོ་ཝེ་ཁེའི་ཙུང་ཐུང་ཆ་ཕུ་ཐོ་ཝས། ཕན་ཚུན་བརྩི་བཀུར་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་འདུག

ཁེ་ལོ་ཏི་ཡའི་ཙུང་ཐུང་ཅི་ཐ་ལོ་ཝི་ཆིས། ཁེ་ཀྲུང་མཛའ་གྲོགས་དང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ་ཀྱི་འགོ་ཁྲིད་ཐུག་འཕྲད་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་རེད་ཅེས་གསུངས་འདུག

པོ་ལི་ཝི་ཡའི་ཙུང་ཐུང་མོ་ལ་ལའི་སེས། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོརཐད་གསབ་རེས་བྱེད་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་རེས་བྱས་ནས་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་བྱེད་བཞིན་ཡོད། པོ་ལི་ཝི་ཡ་ཕྱོགས་ནས་ཀྲུང་གོ་དང་མཉམ་ལས་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་གསུངས་འདུག

པ་ཧ་མའི་སྤྱི་ཁྱབ་ཧྲེ་མེ་སིས། ལོ་བདུན་ཅུའི་ནང་། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པ་དང་། ལེགས་སྐྱེས་འབུལ་བར་སྤྲོ་བའི་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་ཡོངས་ཀྱི་མཐོང་ཆོས་སུ་གྱུར་བའི་གོང་འཕེལ་གྲུབ་འབྲས་བླངས་ཡོད་ཅེས་གསུངས་འདུག

རྒྱལ་སྤྱིའི་ཞིང་ལས་གོང་འཕེལ་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་འདོམས་པ་ཧུང་པོས། འདས་པའི་ལོ་བཞི་བཅུའི་ནང་། ཀྲུང་གོས་ཁྱད་དུ་འཕགས་པའི་དཔལ་འབྱོར་བརྗེ་བསྒྱུར་བྱས་པ་དང་། མི་གྲངས་དུང་ཕྱུར་བརྒྱད་ཙམ་དབུལ་གྲོལ་ཐུབ་པ་བྱས་ཡོད། དེ་ནི་མིའི་རིགས་ཀྱི་གོང་འཕེལ་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་གྲུབ་འབྲས་གལ་ཆེན་ཞིག་རེད་ཅེས་གསུངས་འདུག

རྒྱལ་སྤྱིའི་ཕའེ་ཆུའུ་སྤོ་ལོ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལ་སས། ཀྲུང་གོའི་བུད་མེད་ཕའེ་ཆུའུ་སྤོ་ལོ་རུ་ཁག་ལ་སྤྱི་ལོ2019ལོའི་ཕའེ་ཆུའུ་སྤོ་ལོའི་འཛམ་བུམ་འགྲན་བསྡུར་ཐོག་རླབས་ཆེའི་རྒྱལ་ཁ་ཐོབ་པར་སྤྲོ་སེམས་འཁོལ་བའི་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། རྒྱལ་སྤྱིའི་ཕའེ་ཆུའུ་སྤོ་ལོ་མཉམ་འབྲེལ་ཚོགས་པས་མུ་མཐུད་ཀྲུང་གོའི་བར་གྱི་རོགས་པའི་འབྲེལ་བ་བཟང་པོར་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་འདུག

སད་ཧྲེར་གྱི་ཙུང་ཐུང་ཕུར་དང་། པུ་རུང་ཏིའི་ཙུང་ཐུང་ཨེན་ཁུ་ལུན་ཆི་ཀྲ། ཀུད་ནེ་ཡ་པི་ཧྲའོ་ཡི་ཙུང་ཐུང་ཝ་སེ། པེ་ཉིང་གི་ཙུང་ཐུང་ཐ་ལུང་། མ་ལ་ཝིའི་ཙུང་ཐུང་མུ་ཐ་ལི་ཁ། ཁེ་ཏོ་ཏི་ཝའི་ཙུང་ཐུང་ཝ་ཐ་ལ། མར་ཐའི་ཙུང་ཐུང་ཝི་ལ། ཧེ་ཧྲན་གྱི་ཙུང་ཐུང་ཅུར་ཁ་ནོ་ཝི་ཆི། ཏོ་མི་ཉི་ཀའི་ཙུང་ཐུང་མེ་ཏི་རྣ། ཕེ་ཅིབ་ཀྱི་ཙུང་ཐུང་ཁུང་ལོ་ཐེ། སོ་ལོ་མན་གླིང་ཚོམ་གྱི་ཙུང་ལི་སོ་ཅ་ཝ་ལི་སོགས་ནས་ཀྱང་བཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་བཏང་ཡོད་པ་རེད།

དེ་མིན་རྒྱལ་ཁབ་འགའ་ཤས་ཀྱི་འགོ་ཁྲིད་ནས་ཁག་སོ་སོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་སོགས་ལ་ཀྲ་ཤིས་བདེ་ལེགས་ཞུ་བའི་གློག་འཕྲིན་དང་ཕྱག་ཡིག་བཏང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有