ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

༤Kཐད་གཏོང་ངོ་མཚར་འདི་ན་མཆིས།

2019-10-03 12:08:00     责编:sangjzm

༼སྐབས་འདིར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་༽ཞེས་པའི་ཀོང་ཏུང་སྐད་ཀྱི་པར་གཞིའི་༤Kཐད་གཏོང་གློག་བརྙན་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་གློག་བརྙན་ཁང་དུ་བསྟན་རྒྱུ་ཡིན་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏོན་པ་དང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་སྤྱི་ཁྱབ་ལས་ཁུངས་ཀྱི་ཁུག་པ་ཆེན་མོའི་འཕྲིན་ལམ་གྱིས་མཉམ་འབྲེལ་ཐོག་༼སྐབས་འདིར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་༽ཞེས་པའི་ཀོང་ཏུང་སྐད་ཀྱི་པར་གཞིའི་༤Kཐད་གཏོང་གློག་བརྙན་བཏོན་པ་དང་། རྒྱལ་སྟོན་རིང་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་གློག་བརྙན་ཁང་དུ་བསྟན་རྒྱུ་ཡིན་པ་དང་། ཁུག་པ་ཆེན་མོའི་ཁུལ་གྱི་ལྟད་མོ་བ་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་རྟེན་འབྲེལ་གྱི་མཛད་སྒོའི་རྣམ་པ་གློག་བརྙན་ཁང་དུ་ཕྱིར་དྲན་བྱ་ཐུབ་རྒྱུ་ཡིན་པ་རེད།

སྤྱི་ཚེས་༢ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འབྲེལ་གཏུག་གཞུང་དོན་ཁང་། རྒྱལ་ཁབ་གློག་བརྙན་ཅུད་བཅས་ཀྱིས་མཉམ་འབྲེལ་ཐོག་པེ་ཅིང་དུ་༼སྐབས་འདིར། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུ་༽ཞེས་པའི་ཀོང་ཏུང་སྐད་ཀྱི་པར་གཞིའི་༤Kཐད་གཏོང་གློག་བརྙན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅན། རྒྱལ་ཁབ་གློག་བརྙན་ཅུད་ཀྱི་ཅུད་ཀྲང་གཞོན་པ་ལི་གོ་ཆི་སོགས་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་དང་འབྲེལ་མཛད་སྒོ་འགོ་བཙུགས་གནང་ཡོད། འདི་ནི་སྤྱི་ཟླ་༡༠པའི་ཚེས་༡ཉིན་སྤྱི་ཁྱབ་ལས་ཁུངས་ཀྱིས་༤Kཆེས་དྭངས་གསལ་ཐོག་ནས་རྒྱལ་སྟོན་ཐད་གཏོང་བརྡ་རྟགས་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་༧༠ལ་བསྐྱོད་རྗེས། སླར་ཡང་༤Kཐོག་ནས་ལྟད་མོ་ཆེ་བའི་གློག་བརྙན་ཐད་གཏོང་བྱ་རྒྱུ་གློག་བརྙན་ཁང་དུ་བསྐྱོད་པ་ཞིག་ཡིན་པ་དང་། ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་ཁག་དང་པོའི་གློག་བརྙན་ཁང་༨༠ལྷག་ཏུ་ཐོག་མར་བསྟན་རྒྱུའི་རེ་བ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

中央广播电视总台 央广网 版权所有