ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ཀྲུང་གུང་པདྨ་རྫོང་ཨུ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་མཚན་སྙན་གནང་།

2019-10-01 20:27:03     责编:nake

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ9པའི་ཚེས27ཉིན།རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།ལི་ཁེ་ཆང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་།ཝང་དབྱང་དང་།ཝང་ཧུའུ་ཉིང་།ཀྲའོ་ལེ་ཅི།ཧན་ཀྲེང་བཅས་ཚོགས་ཆེན་ལ་ཞུགས།

  ཚོགས་ཆེན་ཐོག་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་བཅས་ལ་གཟེངས་བསྟོད་གནང་བ་དང་།དེ་ལས་དཔེ་བཟང་ཐུན་མོང665དང་།དཔེ་བཟང་མི་སྒེར812ལ་གཟེངས་བསྟོད་གནང་བ་རེད།སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་དཔེ་བཟང་མི་སྒེར་གྱི་འཐུས་མི་རྣམས་ལ་བྱ་དགའ་གནང་བ་རེད།ཀྲུང་གུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་ཨུ་ཡོན་ལྷན་ཁང་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཐུན་མོང་གི་མཚན་སྙན་གནང་ཞིང་།མགོ་ལོག་ཁུལ་ཨུའི་རྒྱུན་ཨུ།པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཀྲུང་གུང་པདྨ་རྫོང་ཨུའི་ཚབ་བྱས་ནས་ཚོགས་ཆེན་ལ་ཞུགས་པར་མ་ཟད་གཟེངས་བསྟོད་དང་ལེན་བྱས།

  མགོ་ལོག་ཁུལ་ཨུའི་རྒྱུན་ཨུ། པདྨ་རྫོང་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས(གྲལ་གཉིས་པའི་གཡོན་དང་པོ)

  ཉེ་བའི་ལོ་ཤས་རིང་།པདྨ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི"ཏན་ཏན་ཏིག་ཏིག་བཞི"ཡི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཤིང་།མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་།མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དམིགས་ས་དང་ཤུགས་རྒྱག་སར་བཟུང་སྟེ།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་བླང་བྱ་དེ་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་རྩ་བ་ཚུགས་པ་དང་།མདོག་གསུམ་པདྨ་ནས་གཡུར་དུ་ཟ་བའི་འབྲས་བུ་སྨིན་ཡོད།པདྨ་རྫོང་གིས་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་པ་དང་།སྤྱི་ཚོགས་ཁྱོན་ཡོངས་སྔར་བས་འཆམ་མཐུན།དཔལ་འབྱོར་འཕེལ་རྒྱས་ཀྱི་མཆོང་སྐྱོད་གསར་པ་བཅས་དམིགས་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།སྤྱི་ཚོགས་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་འདེད་བཏང་སྟེ།"ཏང་འཛུགས་སྐྱོང+པདྨའི་ཉམས་མྱོང"རིམ་འཕར་རྣམ་པ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ནས།བོད་ཁུལ་རྫོང་ཁོངས་བཅོས་སྐྱོང་གི་ཁྱད་ཆོས་ལྡན་པའི་ལམ་བུའི་ཐོག་བསྐྱོད་དེ་འཆམ་མཐུན་བརྟན་བརླིང་དང་།མཐུན་སྒྲིལ་ཡར་ཐོན།སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ལེ་ཚན་གསར་པ་བརྩམས་པ་རེད།རྗེས་མར་པདྨ་རྫོང་གིས་ཐེངས་འདིའི་ཚོགས་ཆེན་གོ་སྐབས་སུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི"མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ཏུ་བརྩིས་ཏེ་དམ་འཛིན་ལེགས་པོ་དང་།མི་རིགས་ཁག་སེ་འབྲུ་བཞིན་མཉམ་དུ་དམ་པོར་བསྡམས་པར་སྐུལ་འདེད"གཏོང་དགོས་པའི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།མི་རིགས་དཔལ་འབྱོར་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་དང་ལེགས་བཅོས་བྱ་རྒྱུ་དམིགས་འབེན་དུ་བཟུང་ཐོག"མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད"ཀྱི་བྱེད་སྒོའི་ལམ་བུ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་།མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློའི་སློབ་གསོ་དང་ཁྲིད་སྟོན་སྔར་ལས་ཟབ་སྤེལ་དང་།མི་རིགས་ཁག་དང་སྤུན་ཟླའི་མཛའ་བརྩེ་ཇེ་བརྟན་དུ་གཏོང་བ།བོད་ཁུལ་གྱི་བསམ་པའི་ཁྱིམ་གཞིས་ལ་སོ་སྲུང་རོགས་རེས་བཅས་བྱས་ཏེ་འཆམ་མཐུན་མཉམ་གནས་དང་།མཐུན་སྒྲིལ་མཉམ་སྐྱོད་བཅས་བྱས་ཏེ་མི་རིགས་ས་ཁུལ་འཕེལ་རྒྱས་ཇེ་མགྱོགས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

  རྩོམ་སྒྲིག་པ། གསང་བདག་རྒྱལ།

中央广播电视总台 央广网 版权所有