ཆ་འཕྲིན་ཐེར་འདོན། mzjubao@cnr.cn

གསར་འགྱུར་གསར་ཤོས།

ས་གནས་ཁག་དང་མི་རིགས་ཁག་གི་མང་ཚོགས་ནས་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ཏེ་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུས་པ་དང་མེས་རྒྱལ་ལ་སྨོན་བཟང་སྒྲོན་པ་རེད།

2019-10-01 09:43:00     责编:sangjzm

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༡༠པའི་ཚེས་༡ཉིན་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ཉིན་མོ་ཡིན་པ་དང་། མེས་རྒྱལ་ས་གནས་ཁག་ཏུ་མེ་ཏོག་གྲལ་སྟར་དུ་སྒྲིག་པ་དང་ག་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཉིན་ཤས་བསྟུད་མར་མི་རིགས་ཁག་གི་མང་ཚོགས་ནས་རྣམ་པ་སྣ་ཚོགས་ཀྱི་ཐབས་ལམ་ལ་བརྟེན་ནས་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུས་པ་དང་མེས་རྒྱལ་སྨོན་བཟང་སྒྲོན་ཡོད་པ་རེད།

མཛེས་རྒྱན་སྤྲས་ནས་རྒྱལ་སྟོན་ལ་བསུ་བ་ཞུ་བ་དང་བརྩེ་དུང་ཟབ་མོས་མེས་རྒྱལ་ལ་སྨོན་བཟང་སྒྲོན། གནའ་གྲོང་ཧོ་པེ་ཀྲེང་ཏིང་གི་ལམ་ཆེན་གྱི་ངོགས་གཉིས་སུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། རྒྱང་ལྟ་བྱེད་པའི་ཚེ་ན། གནའ་གྲོང་ནི་དམར་མདངས་རྒྱས་པའི་རྒྱ་མཚོའི་ཁྲོད་དུ་གནས་པའི་གྲུ་གཟིངས་ཤིག་དང་འདྲ་ལ། ཕར་འགྲོ་ཚུར་འོང་བྱེད་པའི་ཡུལ་སྐོར་བ་ཚོ་ཡང་རྣམ་པ་འདི་འདྲ་ཞིག་གིས་ཡིད་དབང་བཀུག་ནས་གཅིག་རྗེས་གཉིས་མཐུད་ཀྱི་པར་ལེན་པ་དང་དྲན་རྟེན་འདྲ་པར་སྐྱོན་བཞིན་འདུག

ཉེ་དུས་ཧོ་ནན་ཡི་སློབ་གྲྭ་ཆེ་འབྲིང་ཁག་གིས་དེ་རིང་ནི་ཁྱེད་རང་གི་འཁྲུངས་སྐར་ཡིན་ཞེས་པ་མཉམ་དུ་བླངས་བ་མ་ཟད། སློབ་མ་ཚོའི་དགེ་མཚན་དང་སློབ་གྲྭའི་ཁྱད་ཆོས་དང་ཟུང་སྦྲེལ་བྱས་ནས་མུ་འབྲེལ་གྱི་MVའོས་སྦྱོར་བྱས་ནས་ཀྲུང་གོ་གསར་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་མེས་རྒྱལ་ལ་སེམས་པ་ལྷག་ཏུ་ཕྱོགས་ཡོད་པ་རེད། ཧོ་ནན་ཞིང་ཆེན་ཚོད་ལྟའི་སློབ་ཆུང་གིས་MVསྒྲིག་བཟོ་བྱས་པའི་ནང་སློབ་མ་ཚོས་སྐེ་དར་དམར་པོ་བཏག་པ་དང་ལག་ཏུ་རྒྱལ་དར་ཆུང་ཆུང་འཁྱེར་ནས་སྙན་འཇེབས་ལྡན་པའི་གླུ་དབྱངས་འདི་མཛེས་སྡུག་ལྡན་པའི་སློབ་གྲྭའི་ར་བ་ནས་རྨ་ཆུའི་ཉེ་འགྲམ་དུ་བླངས་པ་དང་། བསམ་དོན་ལྷུན་གྲུབ་མཚེའུའི་འགྲམ་དུ་བླངས་པ། གཉིས་བདུན་མཆོད་རྟེན་ཟུར་དུ་བླངས་ཡོད་པ་རེད།

མན་ཇུ་རིགས་རྒྱལ་སྒོའི་འགག་སྒོ་ནས་པ་ཏན་ཅེ་ལིན་བྱེ་ས་ཆེན་མོའི་ཁྲོད་ཀྱི་སོན་ཅིང་ཙེ་མཐའ་སྲུང་ཁང་བར་དུ་མདང་ནུབ་སྐར་ལྔའི་དར་དམར་༢༠༠ནང་སོག་གི་ལེ་དབར་བརྒྱད་སྟོང་གི་མཐའ་མཚམས་དང་རྒྱལ་མཚམས་འགག་སྒོར་དུས་མཉམ་དུ་བསྒྲེངས་ཡོད་ཅིང་། ནང་སོག་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོགས་དང་མཐའ་མཚམས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ནས་སྐར་ལྔའི་དར་དམར་མཉམ་དུ་བསྒྲེངས་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོའི་རྣམ་པས་ཐུན་མོང་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབམལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།

中央广播电视总台 央广网 版权所有