ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཟྭ་པོ་ཟ་བའི་དུས་ལ་སླེབས་འདུག འདིའི་ཕན་ཡོན་ཤེས་ཀྱི་ཡོད་དམ།

2026-04-10 09:36:00     责编:卓玛才让

图片

    《སྨན་གྱི་བསྟན་བཅོས་སྔོ་འབུམ་ཆེ་མོ་ཞེས་བྱ་བ་བཞུགས་སོ》(本草纲目)ཞེས་པའི་ནང་ཟྭ་པོ་ནི་འཁན་པ་དང་རུག་པ་སོགས་ཀྱི་སྔོ་སྨན་དང་འདྲ་པོ་ཡོད་ནའང་ཁ་དོག་དེ་ལས་སྔོ་བ་ཡོད། ཟྭ་པོའི་སྡོང་རྐང་ལི་སྨི་50ནས་100ཙམ་བར་འཚར་ཐུབ་པ་དང་ཚེར་སྤུ་མང་པོ་ལྡན་ཞེས་འཁོད་ཡོད། 

    བརྟག་དཔྱད་ལས་མངོན་པར། ཟྭ་པོའི་འདབ་ལོའི་སྟེང་དུ་ཚེར་མ་ཕྲ་མོ་བ་སྤུ་ལྟ་བུ་སྐྱེས་ཡོད་པས། རེག་ན་ལུས་ལ་ཟུག་ནས་ན་ཟུག་སྐྱེད་པའི་རྩྭ་ལྡུམ་ཞིག་རེད། དེའི་མྱུ་གུ་ཚོད་མ་བྱེད་ཆོག་ལ་སྨན་རྩྭ་ཞིག་ཀྱང་རེད། ཡིན་ནའང་ཟྭ་པོ་ཟུག་སྐབས་ཡི་ཙི་བྱུགས་ནས་གཙང་བཤལ་བཏང་ཚེ་ན་ཟུག་འཇོམས་ཐུབ། 

    ཟྭ་པོར་སྤྲི་དཀར་དང་། འཚོ་རྒྱུ། གུང་ལ་ཕུག་གི་འཚོ་བཅུད་བཅས་ཕུན་སུམ་ཚོགས་པོ་ལྡན་པ་མ་ཟད། ལིན་དང་། མའེ། ཤིན། ཀལ་སོགས་ཀྱི་འཚོ་བཅུད་མི་ཉུང་བ་ཞིག་ལྡན་སྟབས་ཟས་ལ་བསྟེན་ན་དུག་སེལ་དང་། བཙོག་པ་གཤོང་བ། གཉིད་ཁུག་པ་སོགས་ཀྱི་ཕན་ནུས་ལྡན། འོན་ཀྱང་ཁྲག་ཤེད་མཐོ་བའི་མིས་བསྟེན་མི་རུང་།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

ཟྭ་པོ་ཟ་བའི་དུས་ལ་སླེབས་འདུག འདིའི་ཕན་ཡོན་ཤེས་ཀྱི་ཡོད་དམ།