ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

སྙིང་རྩ་འགག་སྐབས་བྱེད་སྟངས་འདི་དག་ནི་ནོར་འཁྲུལ་ཡིན།

2025-10-28 10:29:00     责编:娜科

 

 

དྲོད་ཚད་ཆག་པ་དང་བསྟུན།  ཉིན་འདི་དག་རིང་སྨན་ཁང་གི་དོས་དྲག་ཚན་ཁག་ལ་ཡོང་མཁན་གྱི་སྙིང་ཀླད་ཁྲག་རྩའི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད། སྙིང་ནད་གློ་བུར་དུ་ལངས་སྐབས་ནད་པ་མང་པོ་ཞིག་གིས་སྐད་ཆེན་པོ་བརྒྱབ་ནས་རོགས་པ་བྱེད་མཁན་འཚོལ་གྱི་ཡོད།  དོན་དངོས་ཐོག་བྱེད་སྟངས་འདིས་མྱུར་སྐྱོབ་ལ་གནོད་སྐྱེལ་བ་ལས་ཕན་ཐོགས་ཅི་ཡང་མེད། ཆེད་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། སྙིང་ནད་གློ་བུར་དུ་ལངས་སྐབས། བྱ་སྤྱོད་ཡོད་ཚད་འཕྲལ་མ་ཉིད་དུ་འཚམས་འཇོག་བྱེད་དགོས་ཀྱི་ཡོད།

 

 

པེ་ཅིན་ཨན་ཀྲེན་སྨན་ཁང་དོས་དྲག་ཚན་ཁག་ནད་ལྕི་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོ་ཞའོ་ནན་གྱིས། དང་ཐོག་མར་བྱ་སྤྱོད་ཡོད་ཚད་མཚམས་འཇོག་བྱེད་དགོས།  མི་ཁག་གཅིག་གིས་སྙིང་ནད་གློ་བུར་དུ་ལངས་སྐབས་ཁ་པར་རྒྱག་པའམ་མྱུར་དུ་རོགས་པ་བྱེད་མཁན་འཚོལ་དགོས་ཞེས་ཟེར་གྱི་ཡོད། དོན་དངོས་ཐོག་བཤད་ཚུལ་འདི་དག་ཚང་མ་ནོར་འཁྲུལ་ཡིན། རྒྱུ་མཚན་ནི་ངལ་གསོ་བརྒྱབ་ན་ད་གཟོད་སྙིང་ཤའི་དབྱང་ཟད་ཚད་དམའ་རུ་ གཏོང་ཐུབ། གལ་ཏེ་རླུང་འགྲོ་ཡག་པོ་མེད་པའི་ས་ཆར་བསྡད་ཡོད་ཚེ། སྔོན་ལ་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འགྲོ་རྒྱུག་བྱེད་དུ་འཇུག་དགོས།  ནད་པའི་གོང་བའི་ཐབ་ཆི་དཀྲོལ་ནས་དབུགས་འབྱིན་རྔུབ་བྱེད་བདེ་པོ་ཡོང་བ་བྱེད་དགོས། གལ་ཏེ་ནད་པས་སྐྱུག་པ་བསྐྱུགས་པ་ཡིན་ན། ངེས་པར་དུ་སྐྱུག་དངོས་དག་གཙང་སེལ་བྱས་ནས་ནད་པའི་དབུགས་ལམ་མི་འགག་པ་བྱེད་དགོས།  ཉེ་འཁོར་དུ་ཡོད་པའི་མིས་ནད་པར་སེམས་གསོ་གཏོང་དགོས་པ་དང་། ནད་པས་དངངས་སྐྲག་དང་ཚབ་ཚུབ་གཏན་ནས་བྱེད་མི་རུང་།   དངངས་སྐྲག་དང་ཚབ་ཚུབ་བྱ་རྒྱུ་མང་དྲགས་པ་ཡིན་ན་ནད་པའི་གློ་ཡུ་དང་ཡང་ན་ཁྲག་རྩ་འཁུམ་འགྲོ་བ་དང་།  ནད་གཞི་ཇེ་སྡུག་ཏུ་འགྲོ་སྲིད་ཅེས་བརྗོད་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག གཡུ་སྒྲོན།
ཡིག་སྒྱུར། ལྷ་སྟག་མཚོ། 

འཛམ་གླིང་སྐར་ཁུངས།

▶ལུའུ་ཧྥུ་ཕོ་བྲང་གི་ཅ་དངོས་རྐུ་མཁན་ཉེས་བསཌ་དོཌ་ཡོད་པ་2བཟུང་འདུག

ཟླ་10ཚེས་19ཉིན་གྱི་ཆུ་ཚོད་9དང་སྐར་མ་30ཡས་མས་སུ། ལུའུ་ཧྥུ་ཕོ་བྲང་གི་རྟེན་རྫས་བཤམས་མཛོད་ཁང་ལ་རྐུ་ཤོར་བའི་དོན་རྐྱེན་ཐོན་པ་དང་། ངོ་གདོང་བཀབ་པའི་མི་ཁ་ཤས་ཀྱིས་སྐར་མ་ཁ་ཤས་ནང་ནཱ་ཕོ་ལུན་དུས་སྐབས་ཀྱི་མགུལ་རྒྱན་དང་།

中央广播电视总台 央广网 版权所有

སྙིང་རྩ་འགག་སྐབས་བྱེད་སྟངས་འདི་དག་ནི་ནོར་འཁྲུལ་ཡིན།