ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚེ་རིང་མིན་དེ་ལུས་པོའི་གནས་འདི་གཉིས་ལ་ཐུག་ཡོད།

2025-08-26 15:28:00     责编:娜科

མི་ཚང་མས་ལུས་བདེ་ཚེ་རིང་འབྱུང་ན་སྙམ་གྱི་ཡོད། འོན་ཀྱང་ཁྱེད་རང་གི་ལུས་བདེ་ཚེ་རིང་ཡོང་བའིསྙིང་པོའི་གསང་རྟགསདེ་གཟུགས་པོའི་གནས་གཉིས་ལ་ཐུག་ཡོད། 

 

 ལུས་པོའི་གན་གཉིས་ལ་བདག་སྐྱོང་བྱས་ཚེ། ཚེ་རིང་དུ་འགྲོ་བར་ཕན་ཐོགས་ཆེ།

འདི་ལོའི་ཟླ་7པར་ཨ་རིའི་སི་ཐན་ཧྥུ་སློབ་ཆེན་གྱི་ཞིབ་འཇུག་མི་སྣསརང་བྱུང་གསོ་རིགདུས་དེབ་ཐོག་མི་ཁྲི་4.5ཁྱབ་པའི་ཞིབ་འཇུག་ཆེ་གྲས་ཤིག་སྤེལ་ཡོད་ཅིང་།ཚན་རིག་པ་རྣམས་ཀྱིས་ཁྲག་ནང་གི་སྤྲི་དཀར་རྫས་ཀྱི་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། མིའི་ཀླད་པ་དང་སྙིང་། མཆིན་པ། རིམས་ཐར་མ་ལག་སོགས་ཚུད་པའི་ལུས་པོའི་གནས་གལ་ཆེ་11གི་སྲུང་སྐྱོབ་གནས་ཚུལ་ལ་ལྟ་ཞིབ་ཚོད་རྩིས་བྱས་ཡོད། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བར།  མཐར་ཀླད་པ་དང་རིམས་ཐར་མ་ལག་གི་ནུས་པ་ལོ་གཞོན་རྣམ་པ་རྒྱུན་འཁྱོངས་ཐུབ་ཚེ། འཆི་བའི་ཉེན་ཁ་བརྒྱ་ཆ་56ཆུང་དུ་གཏོང་ཐུབ་ཀྱི་ཡོད།

 

图片

 

ཀླད་པར་སྲུང་སྐྱོབ་ཡག་པོ་བྱས་ཚེ། འཆི་བའི་ཉེན་ཁ་བརྒྱ་ཆ་40དམའ་རུ་འགྲོ་བ་དང་། རིམས་ཐར་མ་ལག་གི་ནུས་པ་རྒྱུན་འཁྱོངས་ཡག་པོ་བྱས་ཚེ།འཆི་བའི་ཉེན་ཁ་བརྒྱ་ཆ་42དམའ་རུ་འགྲོ་སྲིད། ལུས་པོའི་གནས་དེ་གཉིས་ལ་དུས་མཉམ་དུ་སྲུང་སྐྱོབ་ཡག་པོ་བྱེད་མཁན་གྱི་འཆི་བའི་ཉེན་ཁ་བརྒྱ་ཆ་56ཆག་གི་ཡོད་པ་རེད།

 

ཕྱོགས་བཞིའི་ཐད་ནས་ཀླད་པར་སྲུང་སྐྱོབ་བྱེད་དགོས། 

གཅིག རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཟས་རིགས་སྣ་མང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། བཟའ་བཅའི་རྒྱུ་ཆའི་རིགས་ལུགས་མཐུན་གྱིས་སྡེབ་སྒྲིག་བྱས་ཏེ། ཀླད་པར་སྤུས་ཚད་མཐོ་བའི་འཚོ་བཅུད་དེ་བས་མང་བ་མཁོ་འདོན་བྱེད་དགོས། དཔེར་ན། འབྲི་ཏ་ས་འཛིན་དང་།  པོ་ཚལ།  ཙོང་སོགས་ཟ་དགོས་པ་དང་།  སྟར་་དང་། ཐང་འབྲུ། འབུང་ཤ་སོགས་ཟ་དགོས།  ད་དུང་སྒོ་ང་དང་ཤ་རིགས་ཀྱང་ཀླད་པའི་འཁོར་སྐྱོད་ཀྱི་དགོས་ངེས་རྫས་ཡིན།

གཉིས།ཀླད་པ་ནི་བཀོལ་སྤྱོད་བྱས་ཚེ་སྲུང་སྐྱོབ་ཐུབ་པ་དང་བཀོལ་སྤྱོད་མ་བྱེད་ཚེ་བདག་སྐྱོང་ཡག་པོ་མི་ཐེབས་པའི་དབང་བོ་ཞིག་ཡིན། རྒྱུན་དུ་ཀླད་པ་མང་ཙམ་དཀྲུག་ན་ཀླད་པའི་ཁྲག་རྩ་རྒྱ་བསྐྱེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། ཀླད་པའི་ཕུང་གྲུབ་ལ་ཁྲག་དང་འཚོ་བཅུད་མཁོ་སྤྲོད་འདང་ངེས་ཡོང་བར་ཁག་ཐེག་ཐུབ་ཅིང་། དེ་ཡང་ཀླད་པར་བདག་སྐྱོང་བྱེད་པའི་དངོས་པོའི་རྨང་གཞི་གལ་ཆེན་ཞིག་ཡིན།

 

图片

 

གསུམ། སྤྱི་ཚོགས་འབྲེལ་འདྲིས་ཀྱིས་སེམས་ཁྲལ་དང་ཡིད་མུག་པ་སོགས་ཀྱི་སེམས་ཁམས་འགོག་ཐུབ་པ་དང་ཞི་ལྷོད་དུ་གཏོང་ཐུབ་པས།  འཚོ་བའི་ཁྲོད་གྲོགས་པོ་སོགས་མི་གཞན་དང་མཉམ་དུ་སྤེལ་རེས་དང་མཉམ་འགུལ་བྱེད་པའི་གོ་སྐབས་མང་ཙམ་བཙལ་ནས་སྤྲོ་སྣང་བསམ་པ་རྒྱུན་འཁྱོངས་བྱེད་དགོས། 

བཞི། ཁྲག་ཤེད་མཐོ་བ་དང་ཁྲག་ཚིལ་མཐོ་བ། གཅིན་པ་མངར་འགྱུར་གྱི་ནད་འབྱུང་བ། ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བ་སོགས་རྒྱུན་དུ་འབྱུང་སླ་བའི་དལ་བའི་རང་བཞིན་གྱི་ནད་དེ་དག་ནི་གླེན་ནད་འབྱུང་བའི་ཉེན་ཁ་དང་འབྲེལ་བ་དམ་ཟབ་ཡོད་པས།  ད་ཡོད་ཀྱི་ནད་རིགས་དེ་དག་ལ་སྨན་བཅོས་འོས་འཚམ་དང་ཚོད་འཛིན་ཧུར་ཐག་བྱེད་པ་ནི་ཀླད་པའི་ནུས་པ་ཉམས་ཞན་དུ་འགྲོ་བར་སྔོན་འགོག་བྱེད་པའི་གནད་དོན་གལ་ཆེ་ཞིག་ཡིན།

 

图片

 

ཕྱོགས་ལྔའི་ཐད་ནས་རིམས་ཐར་མ་ལག་གི་ནུས་པ་རྒྱུན་འཁྱོངས་ཡག་པོ་བྱེད་དགོས། 

དང་པོ། རྒྱུན་དུ་གཟུགས་པོར་སྦྱོང་བརྡར་བྱེད་དགོས།  ཆེས་ཕན་ནུས་ལྡན་པའི་ལུས་རྩལ་གྱིས་ལུས་པོའི་ནང་དུ་རིམས་ཐར་ཕྲ་ཕུང་དང་རིམས་ཐར་རྐྱེན་ཆ་སྔར་ལས་མང་བ་འབྱུང་བར་མ་ཟད།  དེའི་གྲུང་གཤིས་ཇེ་དྲག་ཏུ་གཏོང་ཐུབ།  གཟའ་འཁོར་གཅིག་ལ་སྦྱོང་བརྡར་ཐེངས་3ནས་5བར་བྱེད་པ་དང་། ཐེངས་རེར་སྐར་མ་30ནས་45བར་སྦྱོང་དགོས།  སྦྱོར་བརྡར་གྱི་ཚད་གཞི་ནི་རྔུལ་ཆུ་ཅུང་ཙམ་ཐོན་པ་དང་། སྙིང་གི་འཕར་ཚད་སྐར་མ་རེར་ཐེངས་120ནས་150ཡས་མས་ཟིན་ཚེ་ཧ་ཅང་འཚམ་པོ་ཡོད། 

གཉིས་པ། སྤུས་ལེགས་སྤྲི་དཀར་རྫས་འདུས་པའི་ཟས་རིགས་མང་ཙམ་ཟ་དགོས།   རྒྱུན་དུ་སྤྲི་དཀར་རྫས་འདུས་པའི་ཤ་དང་འོ་མའི་རིགས།  སྲན་མའི་རིགས་བཅས་ཀྱི་ཟས་རིགས་མང་ཙམ་ཟ་དགོས། 

གསུམ་པ། མངར་ཟས་དང་ཚིལ་མང་པོ་འདུས་པའི་ཟས་རིགས་ཚོད་འཛིན་བྱེད་དགོས། མངར་ཟས་ཀྱིས་ཕྲ་ཕུང་དཀར་པོ་འབྱུང་བ་དང་འགུལ་སྐྱོད་ལ་ཤུགས་རྐྱེན་ཐེབས་ཏེ།  ལུས་ཕུང་གིས་ནད་རིགས་འགོག་པའི་ནུས་པ་ཇེ་ཞན་དུ་གཏོང་སྲིད།

 

图片

 

བཞི་པ། སྤྲོ་སྣང་གི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས།   སྤྲོ་སྣང་གི་སེམས་ཁམས་ནི་རིམས་ཐར་མ་ལག་སྙོམས་སྒྲིག་བྱེད་པའི་མཐེབ་གནོན་ལྟ་བུ་ཞིག་ཡིན་པས།   སེམས་ཁམས་ཡག་པོ་ཞིག་གིས་ཀླད་པས་བདེ་ཐང་ལ་ཕན་པའི་དངོས་རྫས་ཟགས་ཐོན་བྱེད་ཐུབ་ལ། མིའི་ལུས་ཕུང་གི་རིམས་ཐར་བྱེད་ནུས་གྲུང་སྐུལ་བྱས་ཏེ།  ནད་རྒྱུ་སྐྱེ་དངོས་ཕྲ་རབ་ཀྱི་སྐྱེ་འཚར་ཚོད་འཛིན་བྱེད་ཐུབ།

ལྔ་པ། གཉིད་ཡག་པོ་ཁུག་ཚེ་རིམས་ཐརཇེ་དྲག་ཏུ་གཏོང་ཐུབ།  གཉིད་ཡག་པོ་ཁུག་ཚེ། ལུས་ཕུང་གི་རིམས་ཐར་ཕྲ་ཕུང་གྲུབ་པར་སྐུལ་འདེད་ཐེབས་ནས། ནད་དུག་དང་འབུ་ཕྲ་ཡིས་ལུས་ཕུང་ལ་འཇབ་རྒོལ་བྱེད་པ་འགོག་ཐུབ། དེར་བརྟེན། ཉིན་རེར་ཆུ་ཚོད་7ནས་8བར་གཉིད་པའི་དུས་ཚོད་ཁག་ཐེག་བྱེད་དགོས།  མཚན་འཁྱོངས་མི་བྱེད་པ་དང་། ལྷག་པར་དུ་དགོང་མོར་གློག་རྡུལ་ཐོན་རྫས་ཚད་ལས་བརྒལ་བ་མི་སྤྱོད་པར། གཉིད་ཀྱི་སྤུས་ཚད་ལ་འགན་ལེན་བྱེད་དགོས།

 

图片

 

ཀླད་པ་དང་རིམས་ཐར་ནུས་པ་སྲུང་སྐྱོབ་བྱེད་པའི་འགག་གནད་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱེད་མིན་ལ་ཐུག་ཡོད།  ད་ལྟ་ནས་བཟུང་ང་ཚོས་ཀླད་པ་དང་རིམས་འགོག་ནུས་པ་ལ་བདག་སྐྱོང་མང་ཙམ་བྱས་ཚེ།  མ་འོངས་པར་ང་ཚོར་སྔར་ལས་བདེ་ཐང་གི་གཟུགས་གཞི་ཞིག་དང་ཚེ་ཐག་ཀྱང་ཇེ་རིང་དུ་གཏོང་ཐུབ་ཀྱི་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག ཟླ་བ་ཚེ་རིང་།

སྒྲིག་སྒྱུར། མཁའ་སྤྱོད་དབང་མོ། 

中央广播电视总台 央广网 版权所有

ཚེ་རིང་མིན་དེ་ལུས་པོའི་གནས་འདི་གཉིས་ལ་ཐུག་ཡོད།

ཀླད་པ་དང་རིམས་ཐར་ནུས་པ་སྲུང་སྐྱོབ་བྱེད་པའི་འགག་གནད་ནི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱེད་མིན་ལ་ཐུག་ཡོད། ད་ལྟ་ནས་བཟུང་ང་ཚོས་ཀླད་པ་དང་རིམས་འགོག་ནུས་པ་ལ་བདག་སྐྱོང་མང་ཙམ་བྱས་ཚེ།