མིག་ཤེད་འཚར་སྐྱེའི་བརྒྱུད་རིམ་ནང་དོ་སྣང་གནང་དགོས་པའི་དོན་གནད།
ཕྲུ་གུའི་མིག་ཤེད་འཚར་སྐྱེས་མགྱོགས་པོ་ཡོད་ཀྱང་རུང་འགོར་པོ་ཡོད་ཀྱང་རུང་། ཁྱིམ་བདག་གིས་སྔ་ས་ནས་ཕྲུ་གུའི་མིག་ཤེད་ཀྱི་གནད་དོན་ལ་དོ་སྣང་དང་གནད་དོན་སྔོན་འགོག་བྱེད་དགོས་ཀྱི་ཡོད། དེ་ཡང་ཕྲུ་གུ་ཧ་ཉིད་གོ་བའི་ལོ་ཚོད་སྟེ། ཧ་ལམ་ལོ་བཞི་ཙམ་ནས་མིག་ཤེད་བརྟག་བྱེད་ཀྱི་རེའུ་མིག་ངོས་འཛིན་ཐུབ་པ་བྱེད་དགོས་པ་དང་། ཉུང་མཐར་ཡང་ལོ་ཕྱེད་རེར་མིག་ཤེད་དང་ཀྱོག་འོད་ཨང་གྲངས་བརྟག་དཔྱད་ཐེངས་རེ་རེ་བྱེད་པ་དང་། སྔ་ཙམ་ནས་ཀྱོག་འོད་འཚར་སྐྱེས་ཀྱི་གྲངས་གཞི་བཀོད་པའི་ཡིག་ཚགས་བཟོས་ཐོག མིག་ཤེད་འཚར་སྐྱེས་བརྒྱུད་རིམ་ནང་ཐོན་པའི་གནད་དོན་དག་སྔོན་འགོག་དང་དུས་ཐོག་ཏུ་སེལ་ཐབས་བྱེད་དགོས།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཞུ་དག སྐལ་བཟང་བདེ་སྐྱིད།
ཡིག་སྒྱུར། རིན་ཆེན་དབང་འདུས།