ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཚ་བ་ཆེ་དུས་ཉོབ་ཀྱི་འདུག་གམ། ཐབས་ཤེས་འདི་སྤྱད་ན་ཡག་པོ་འདུག

2023-08-30 16:02:00     责编:娜科

    དབྱར་ཁ་དང་སྟོན་ཁའི་དུས་ཚིགས་ནི་མི་རྣམས་སྒྱིད་ལུག་དང་ཉོབ་སྟངས་སླེབས་པའི་ནམ་དུས་ཤིག་རེད། ཚ་བ་ཆེ་བའི་དུས་སུ་སྣང་ཚུལ་འདི་རིགས་མངོན་གསལ་དོད་པ་དང་། ལྷག་པར་དུ་ཉིན་གུང་ལྟོ་ཆས་བཟས་ཚར་རྗེས་ཉོབ་མདངས་ཆེ། དོན་དུ་དེ་ནི་གཉིད་མི་འདང་བ་མ་ཡིན་པར།  མི་རྣམས་ཚིལ་མང་བ་དང་མངར་ཆའི་རིགས་མང་པོ་བཟས་པ་དང་འབྲེལ་བ་ཡོད། གལ་ཏེ་ཉོབ་མདངས་སེལ་དགོས་ན་སྔོ་ཚལ་མང་ཙམ་བཟའ་དགོས།

    སྤྲི་དཀར་མང་པོ་འདུས་པའི་ཟས་རིགས་དཔེར་ན་ཉ་དང་། བྱ་དེ། མཚོ་ཟས། སྲན་མ་སོགས་ལ་ལོ་ཨན་སོན་མང་པོ་ལྡན་ཡོད་པས་རིག་པ་དྭངས་བ་དང་སྦི་ལ་སིལ་དུ་འགྲོ་བར་ཕན་ཐོགས་ཡོད། གཞན་ཡང་། སྔོ་ཚལ་གྱི་རིགས་དཔེར་ན་སོ་ལོ་སྔོན་པོ་དང་། གུང་ལ་ཕུག པོ་ཚལ་སོགས་ཀྱིས་ཀླད་པར་གསོ་རླུང་འདང་ངེས་མཁོ་འདོན་བྱས་ཏེ་རིག་པ་དེ་བས་གསལ་དུ་འགྲོ་གི་ཡོད། དེར་བརྟེན། ཡག་ཤོས་བྱུང་ན་འབྲུ་རིགས་ཉུང་ཙམ་བསྟེན་ནས་སྔོ་ཚལ་མང་ཙམ་བཟའ་དགོས།

    ལྟོ་ཆས་ཟ་བའི་གོ་རིམ་ལ་ཞོགས་པ་འཚོ་བཅུད་མང་བའི་ཟས་རིགས་བཟའ་དགོས་པ་དང་། ཉིན་གུང་ལྟོ་ཆས་སྣ་ཁ་འཛོམ་པོ་དགོས་པ། དགོང་མོ་ཉུང་ཙམ་བཟའ་དགོས། ལས་ཀ་ཚར་རྗེས་པཱོ་ལོའོ་དང་། ཚ་ལུ་མ། ཉིང་མོང་སོགས་ཀྱི་ཤིང་འབྲས་བཟས་ན་ངལ་དུབ་སེལ་བ་དང་རིག་པ་གསལ་དུ་འགྲོ་བར་ཕན་ཐོགས་ངེས་ཅན་ཡོད།

འཛམ་གླིང་སྐར་ཁུངས།

ཨ་རིའི་དམག་སྤྱོད་གནམ་གྲུ་ཞིག་ལྷུངས་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། ལས་འཛོལ་ཐོན་སྐབས་ཨ་རི་དང་། ཨོ་སི་ཁྲུ་ལི་ཡ། ཧྥི་ལི་ཕིན། དེ་བཞིན་ཧིན་རྡུ་ཉི་ཞི་ཡཱ་བཅས་ཐི་ཝུའེ་གླིང་ཚོམ་དུ་མཉམ་འབྲེལ་དམག་དོན་ནང་སྦྱོང་བྱེད་བཞིན་ཡོད་པ་རེད།

中央广播电视总台 央广网 版权所有