ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

ཁ་བསླུས་རྒྱག་སྟངས་གསར་པ་འདིར་ཡིན་གཅིག་དོགས་ཟོན་གྱིས།

2023-07-13 15:31:00     责编:娜科

 

 

ཁ་བསླུས་རྒྱག་མཁན།

“ཁམས་བཟང་། ཁྱེད་རང་ཀྲང་ཆེ་གེ་མོ་ཡིན་ནམ། ང་ནི་པའེ་དབན་སྨན་བཅོས་འགན་བཅོལ་གྱི་ལས་གཉེར་བ་ཡིན”

གྲོང་མི་ཀྲང་ཆེ་གེ་མོ།

“ང་ཡིན། དོན་དག་ག་རེ་ཡོད་དམ”

 

 

ཁ་བསླུས་རྒྱག་མཁན།

“ཁྱེད་ཀྱིས་དེ་སྔོན་པའེ་དབན་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་གཉེར་འདུག་པས། ད་ལྟ་ཐོ་དེ་བསུབ་མཁན་ཡིན་ནམ། གལ་ཏེ་ཐོ་མ་བསུབས་ན་ཟླ་བ་རྗེས་མ་ནས་བཟུང་ཟླ་རེར་སྒོར་800དང་ལོ་རེར་སྒོར་9600སྤྲོད་དགོས་ཀྱི་ཡོད”

གྲོང་མི་ཀྲང་ཆེ་གེ་མོ།

“ཨ་ཙི། ད་བྱས་ན་ཐོ་དེ་ཇི་ལྟར་བསུབ་དགོས་སམ”

 

ཟླ་ 7 ཚེས་ 5 ཉིན་གྱི་ཆུ་ཚོད་ 19 ཙམ་ལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་མི་ཀྲང་ཆེ་གེ་མོར་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བ་དང་། ཕ་རོལ་པོས་རང་ཉིད“པའེ་དབན་སྨན་བཅོས་འགན་བཅོལ”གྱི་ལས་གཉེར་བ་ཡིན་ཚུལ་བརྗོད་པ་མ་ཟད། གྲོང་མི་ཀྲང་ཆེ་གེ་མོས“པའེ་དབན་སྨན་བཅོས་འགན་བཅོལ”གྱི་ལས་སྒོ་གཉེར་བར་བརྟེན། ཟླ་རེར་ལས་སྒོའི་འགྲོ་གྲོན་སྒོར་800དང་ལོ་རེར་སྒོར་9600སྤྲོད་དགོས་ཀྱི་ཡོད་ཅིང་། ཐོ་དེ་སུབ་དགོས་ཚེ། ལས་གཉེར་བས་བརྗོད་པའི་མཉེན་ཆས(Zoom)འབེབས་དགོས་ལུགས་བརྗོད།

གྲོང་མི་ཀྲང་ཆེ་གེ་མོས་ཕ་རོལ་པོས་བཤད་པ་ལྟར་མཉེན་ཆས་དེ་ཕབ་རྗེས།  ཕ་རོལ་པོས་གྲོང་མི་ཀྲང་ཆེ་གེ་མོར་དངུལ་ཁང་གཱ་དང་། ཐོབ་ཐང་ལག་ཁྱེར། དེ་བཞིན་ཁ་པར་ཨང་གྲངས་བཅས་མཁོ་འདོན་བྱེད་དགོས་ལུགས་བརྗོད་ཅིང་།  ཁོང་གིས་འབྲེལ་ཡོད་ཀྱི་ཆ་འཕྲིན་མཁོ་འདོན་བྱས་རྗེས་སེམས་སུ་དོགས་པ་སྐྱེས་པས། ལམ་སེང་སྤྱི་བདེ་ལས་ཁུངས་ལ་དེའི་སྐོར་སྐད་ཆ་དྲི་བར་བསྐྱོད། ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་གྲོང་མི་ཀྲང་ལགས་ཀྱི་ཁ་པར་ལ་བལྟས་རྗེས། ཁོ་མོར་གློག་འཕྲིན་གྱི་ཁ་བསླུས་ཐེབས་པ་གཏན་ཁེལ་བྱས་པ་མ་ཟད། ཁོང་ལ་ཁ་བསླུས་མཉེན་ཆས་དེ་སུབ་རོགས་ཀྱང་བྱས་པ་རེད། དེ་དང་ཆབས་ཅིག གྲོང་མི་ཀྲང་ཆེ་གེ་མོར་དེ་ནི་ཉེ་དུས་ཐོན་པའི་ཁ་བསླུས་རྒྱག་སྟངས་གསར་པ་ཞིག་ཡིན་ལུགས་བཤད་པ་དང་། སྟབས་ལེགས་པ་ཞིག་ལ་དུས་ཐོག་ཏུ་གྱོད་དོན་སྙན་སེང་ཞུས་པས་གྱོང་གུན་གང་ཡང་ཕོག་མེད། དེ་ལྟར་མིན་ཚེ། ཁ་བསླུས་རྒྱག་མཁན་གྱིས་ཐོབ་ཐང་ཆ་འཕྲིན་ལ་བརྟེན་ནས་དངུལ་བུན་སྒོར་ཁྲི་ 20 གཡར་རྗེས། དངུལ་དེ་ཁ་བསླུས་ཀྱི་རྩིས་ཁྲའི་ནང་སྒྱུར་ངེས་རེད་ཅེས་བཤད།

འཛམ་གླིང་སྐར་ཁུངས།

རྒྱལ་ཁབ་འདིའི་ཙུང་ཐུང་ཐའེ་ཝན་དུ་སྐྱོད་བྱ་རྒྱུའི་ཐད།

ཟླམའོ་ཉིང་གིས། འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པས།

中央广播电视总台 央广网 版权所有

ཁ་བསླུས་རྒྱག་སྟངས་གསར་པ་འདིར་ཡིན་གཅིག་དོགས་ཟོན་གྱིས།

ཟླ་ 7 ཚེས་ 5 ཉིན་གྱི་ཆུ་ཚོད་ 19 ཙམ་ལ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་མི་ཀྲང་ཆེ་གེ་མོར་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར་བ་དང་།