ཆ་འཕྲིན་ཐེར་འདོན། mzjubao@cnr.cn

འཚོ་བའི་རྒྱུན་ཤེས།

འཁྱགས་སྒམ་ནང་བཞག་པའི་དངོས་པོ་འདི་ཟོས་པས་ICUནང་སྡོད་དགོས་བྱུང་།

2022-01-07 17:00:00     责编:桑吉卓玛

འཁྱགས་སྒམ་ནང་བཞག་པའི་དངོས་པོ་འདི་ཟོས་པས་ICUནང་སྡོད་དགོས་བྱུང་།

 

ཡུན་རིང་འཁྱགས་སྒམ་ནང་བཞག་པའི་དངོས་པོ་འདི་ཟོས་པས་ICUནང་སྡོད་དགོས་བྱུང་འདུག

 

       ཉིན་ཤས་གོང་། སྐྱེས་པ་ཞིག་གློ་བུར་དུ་ཚ་བ་རྒྱས་ཤིང་མགོ་ཡུ་འཁོར་བའི་ནད་རྟགས་ཐོན་པ་དང་། ཉིན་10ཙམ་སོང་རྗེས་དྲན་པའང་རབ་རིབ་ཏུ་གྱུར་བས་ཛ་དྲག་ངང་སྨན་ཁང་གི་ICUལ་བསྐྱལ་ནས་མྱུར་སྐྱོབ་བྱས་པ་རེད། ནད་གཞི་དེ་ནི་འཁྱགས་སྒམ་ནང་གི་དུས་ཚོད་ཡོལ་བའི་ཞོ་བཏུང་པ་ལས་ཐོན་པ་ཞིག་ཡིན་འདུག 
 

 

       ཀོང་ཏུང་ཞིང་ཆེན་ཆིང་ཡོན་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUནད་ཁུལ་གཉིས་པའི་སྨན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར། ཁོང་ཚོས་ལན་ཧྲན་གྱི་སྨན་ཁང་ནས་ཡོང་བའི་ཞའོ་མིང་(མིང་ཚབ་)ཞེས་པའི་སྐྱེས་པ་ལོ་27ལ་སླེབས་པ་ཞིག་སྨན་ཁང་དུ་ཉར་ཡོད་པ་དང་། ནད་པ་དེ་སླེབས་དུས་རྒྱུན་དུས་ཡུན་རིང་པོ་རྒྱུན་མཐུད་ནས་ཚ་བ་རྒྱས་པས། བློ་རིག་ཉམས་ཤིང་འདུ་ཤེས་རབ་རིབ་ཏུ་གྱུར་བ་སོགས་ཀྱི་ནད་རྟགས་ཐོན་ཡོད་པ་རེད། སྨན་པས་དེ་མ་ཐག་བརྟག་དཔྱད་བྱས་ནས་མཇུག་མཐར་ལི་སི་ཐེ་འབུ་ཕྲའི་འགོས་ནད་ཕོག་པའི་ངོས་འཛིན་བྱས། 

       ཆིང་ཡོན་གྲོང་ཁྱེར་མི་དམངས་སྨན་ཁང་གི་ICUནད་ཁུལ་གཉིས་པའི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཀུང་ཅན་ཧྥེང་གིས། “ང་ཚོས་ཁོ་ལ་གནས་ཚུལ་འདྲི་རྩད་བྱས་པ་ཡིན། ཁོས་ནད་མ་ཐོན་གོང་དུས་ཚོད་ཡོལ་བའི་ཞོ་ཞིག་བཏུང་མྱོང་འདུག་ལ། རྣག་དུག་ཁྲག་ནད་ཐོན་པ་མ་ཟད་མགོ་བོར་གཉན་ཚད་རྒྱས་ནས་ལི་སི་ཐེ་འབུ་ཕྲའི་འགོས་ནད་ཀྱི་ནད་རྟགས་ཐོན་འདུག་”ཅེས་བཤད། 

       སྨན་པས་ཞའོ་མིང་སྨན་ཁང་དུ་སླེབས་དུས་ནས་ཀླད་རྒྱའི་གཉན་ཚད་དང་རྣག་དུག་གི་ནད་ཕོག་ཟིན་པ་དང་། རྗེས་སུ་ཀླད་ཆུ་བསགས་ཡོད། ཁོའི་ནད་གཞི་འདི་འདྲའི་ཚབས་ཆེ་དོན་ནི་ལུས་ཕུང་གི་འགོག་ཤུགས་ཡག་པོ་མེད་པ་མ་ཟད་དུས་ཚོད་ཡོལ་བ་དང་འབུ་ཕྲ་ལི་སི་ཐེ་ཡོད་པའི་ཞོ་བཏུང་བ་དང་འབྲེལ་བ་ཡོད་ཅེས་ངོ་སྤྲོད་བྱས། 
 

 

 

       ལི་སི་ཐེ་འབུ་ཕྲ་ནི་བསྡོངས་གཤིས་དབྱང་སུན་འབུ་ཕྲ་ཞིག་ཡིན་ཞིང་རང་བྱུང་ཁམས་སུ་རྒྱ་ཁྱབ་ཏུ་གནས་ཡོད། ཟས་རིགས་དང་འགྲོགས་ནས་ཕོ་རྒྱུའི་འབྱར་སྐྱི་ནས་རྨེན་མདུད་ལ་འབྱར་ཞིང་རིམ་བཞིན་ཁྲག་དང་འདྲེས་ནས་དབང་པོ་གཞན་པར་འགོས་ཁྱབ་འགྲོ་བའམ་ཡང་ན་ཁྲག་དང་འགྲོགས་ནས་གཙོ་འདོམས་དབང་རྩའི་མ་ལག་ནང་ཁྱབ་ཏེ་ལི་སི་ཐེ་འབུ་ཕྲའི་ཀླད་རྒྱའི་གཉན་ཚད་རྒྱས་ཤིང་ཚེ་སྲོག་ལ་ཉེན་ཁ་བཟོ་ཉེན་ཆེན་པོ་ཡོད། 

       ལི་སི་ཐེ་འབུ་ཕྲ་ནི་གསོན་ཤུགས་ཆེན་པོ་ཡོད་པ་མ་ཟད། གྲང་ངར་དང་ཚྭ། སྐྱུར། བུལ་སོགས་བཟོད་ཐུབ་ཀྱི་ཡོད་པས་སེལ་ཁག་པོ་ཡོད། འབུ་ཕྲ་འདིའི་རིགས་འོ་བཟོས་ཐོན་རྫས་དང་། སྔོ་ཚལ་ཧྲ་ལ། འཁྱགས་ཞོ། ཚགས་ཤ་སོགས་ཟས་རིགས་ནང་འདུས་ཚད་མང་ཙམ་ཡོད་པ་རེད། 

       སྨན་པས། དུས་རྒྱུན་དུ་ཁ་ཟས་བཙོས་མ་ཟ་དགོས་པ་དང་། དུས་ཚོད་ཡོལ་བའམ་དུས་ཡུན་རིང་པོ་བཞག་པའི་ཟ་མ་འཁྱགས་སྒམ་ནང་བཞག་ཡོད་ཀྱང་ཟ་མི་རུང་བའི་གྲོས་འགོ་བཏོན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཞུ་དག བསྟན་འཛིན།

ཡིག་སྒྱུར། བསྟན་རྒྱམ།

 

 

འཛམ་གླིང་སྐར་ཁུངས།

▶རྒྱ་གར་དུ་དྲག་ཆར་གྱིས་མི་138ཙམ་རྐྱེན་ལམ་དུ་ཤོར་འདུག

རྒྱ་གར་ནུབ་རྒྱུད་ཀྱི་མ་ཧ་ལ་ཐུའོ་ཐེ་ལ་མངའ་སྡེའི་སྲིད་གཞུང་གི་དཔོན་རིགས་ཀྱིས་སྤྱི་ཚེས་24ཉིན་བརྗོད་པ་ལྟར་ན། དྲག་ཆར་གྱིས་མངའ་སྡེ་དེར་ཉུང་

中央广播电视总台 央广网 版权所有

འཁྱགས་སྒམ་ནང་བཞག་པའི་དངོས་པོ་འདི་ཟོས་པས་ICUནང་སྡོད་དགོས་བྱུང་།

ཉིན་ཤས་གོང་། སྐྱེས་པ་ཞིག་གློ་བུར་དུ་ཚ་བ་རྒྱས་ཤིང་མགོ་ཡུ་འཁོར་བའི་ནད་རྟགས་ཐོན་པ་དང་། ཉིན་10ཙམ་སོང་རྗེས་དྲན་པའང་རབ་རིབ་ཏུ་གྱུར་བས་ཛ་དྲག་ངང་སྨན་ཁང་གི་ICUལ་བསྐྱལ་ནས་མྱུར་སྐྱོབ་བྱས་པ་རེད།